དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུ་འབུའི་ནད།

2025-11-13 10:12:07   |   9

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ནད་འདི་ཟས་སྐོམ་སོགས་ལ་ནད་འགོས་པའམ་བཙོག་པ་ཐེབས་རིགས་བསྟེན་པ་ལས་བྱུང་བའི་སྲིན་ནད་ཅིག་སྟེ། རྒྱུ་འབུའི་ནད་འདི་ཅུང་རྒྱུན་མཐོང་ཡིན། རྒྱུ་འབུ་ལ་རིགས་མང་ཡང་གཙོ་བོ་གྲོལ་འབུ་དང་བཤང་འབུ་གཉིས་རྒྱུན་མཐོང་ཡིན།

ནད་རྟགས། 

1 རྒྱུ་མའི་གྲོལ་འབུའི་ནད་རྟགས་ལ། ཟས་ལ་ཡི་ག་ཞན་པ་དང་ལྟོ་བ་ན་བ། ཡང་ན་རྟགས་མེད་པ། ལྟོ་བའི་ན་ཟུག་ཡང་ཞིང་ལྟེ་བའི་མཐའ་འཁོར་དང་སྟོད་དུ་ན་བ། ན་ཟུག་ལ་དུས་ཀྱི་ངེས་པ་མེད་པ། ཡང་ཡང་ན་བ། ན་ཡུན་གཏན་འཁེལ་མེད་པ། མང་ཆེ་བར་གནོན་ཟུག་མེད། བྱིས་པ་ལ་ལར་ཐབ་ཀའི་ས་ཟ་བ་དང་། ཐང་གི་ས་ཟ་བའི་རྟགས་ཡོད་ཅིང་གྲོལ་འབུའི་བསྐྱེད་པའི་ཟས་མི་འཇུ་བ་དང་། ཟས་ལ་ཡི་ག་མེད་པ། ནར་སོན་དལ་བ་སོགས་ཀྱི་རྟགས་ཡོད།

2 བཤང་འབུའི་ནད་ལ་རྟགས་གསལ་བོར་མེད་ཅིང་། ལ་ལར་བཤང་འབུ་ནུར་འགུལ་གྱིས་གཞང་སྒོའི་མཐའ་འཁོར་དུ་འདུས་ན་གཞང་སྒོར་ཟ་འཕྲུག་ལངས་པ་དང་། མཚན་མོར་ལྷག་པར་དུ་ཟ་འཕྲུག་ལངས་པ། ལ་ལ་གཞང་སྒོ་ནས་བཤང་འབུ་སྤུ་འདྲ་བ་མང་པོ་མཐོང་ཐུབ། དྲི་ཆེན་བཏང་ན་ནང་དུ་འདྲེས་ནས་འོང་བ་ཡང་ཡོད། བཤང་འབུས་བསྐྱེད་པའི་ཁོག་པ་བཤལ་བ་དང་ན་བ། གཅིན་ལམ་དང་གསང་ལམ་ལ་གཉན་ཚད་བསྐྱེད་པ་མ་ཟད། ད་དུང་རྒྱུ་ལྷག་གི་ནད་བསྐྱེད་པའང་ཡོད།

སྔོན་འགོག

མི་གཙང་བའི་ཟས་མི་ཟ་བ་དང་། ཟས་ཀྱི་སྔ་རྗེ་སུ་ལག་པ་སོགས་བཀྲུས་ཏེ་གཙང་སྦྲ་བཟང་བོ་བྱེད་དགོས།

གསོ་ཐབས། 

1 དེང་རབས་གསོ་རིག་ལྟར་ན། ཆེས་ཧྭས་ལེན།(驱蛔灵) ཉིན་རེར་སྤྱི་རྒྱ་རེར་ཧའོ་ཁེ150གཏོང་བ། ཉིན་གཅིག་ལ་ཁེ་གསུམ་ལས་བརྒལ་མི་རུང་། ཁོག་སྟོང་ངམ་ཉལ་ཁར་བསྟེན་རྒྱུ། ཉིན་གཉིས་ལ་བསྟེན་ན་ཆོག ཡང་ན་ཆེས་ཀུག་ཧྭས་ཉིན་རེར་སྤྱི་རྒྱ་རེར་ཧའོ་ཁེ་གཉིས་ནས་གསུམ་ཉལ་ཁར་བསྟེན་རྒྱུ།

2 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་བྱི་ཏང་བདུན་པ། འཆི་བྱེད་སྲིན་སེལ། ཞི་ཁྱུང་། གཡུ་ཁྱུང་། རུ་ཁྱུང་། སྔོ་ཚ་བ་གསུམ་ཐུན་ཆུང་རེ་བསྟེན་ནའང་ཕན།


སྐབས་སྔོན་མ། བཤང་འགགས་ཀྱི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།