དེ་རིང་ནི2025ལོའི་ཟླ11པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོག་པ་བཤལ་བ།

2025-11-20 11:22:31   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཁོག་པ་བཤལ་བ་ནི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། ན་ཡུན་ཟླ་བ་གཉིས་ཡན་ནམ། ཡང་ན་མཚམས་ཆད་དེ་བདུན་གཉིས་ནས་བཞིའི་ནང་ཡང་ཡང་དུ་ཁོག་པ་བཤལ་ན། དེ་ལ་དལ་གཤིས་རང་བཞིན་གྱི་ཁོག་པ་བཤལ་བ་ཟེར། ནད་ཀྱི་རྒྱུ་རྐྱེན་མི་འདྲ་བར་བརྟེན་ནས་ནད་རྟགས་ཀྱང་མི་འདྲ་བ་སྣ་ཚོགས་སྟོན་ལ། བཅོས་ཐབས་ཀྱང་མི་འདྲ་བ་རེ་རེ་ཡོད། གཙོ་བོ་གཅིན་སྙི་ཟ་ཁུའི་ནད་དང་ཨོལ་རྨེན་གྱི་ནུས་པ་ཚད་བརྒལ།(甲状腺机能亢进症) དལ་གཤིས་རང་བཞིན་གྱི་མཁལ་མའི་ནུས་པ་ཞན་པ།(慢性肾功能不全) མཆིན་མཁྲིས་དང་གཤེར་རྨེན་གྱི་ནད་རིགས་དཔེར་ན་མཆིན་ཚད་དང་མཆིན་པ་སྲ་འགྱུར། མཆིན་འབྲས། གཤེར་རྨེན་ཚ་ནད་དང་གཤེར་རྨེན་འབྲས་ནད། མཁྲིས་རྩ་གཤག་བཅོས་བྱས་རྗེས་དང་། རྒྱུ་མའི་འབྲས་ནད་རྒྱུ་ཚད། རྒྱུ་མའི་འདུས་འདྲིའི་ནད་དང་རྒྱུ་རིམས་སོགས་ནད་རིགས་མང་པོས་བསྐྱེད་པ་ཡིན། 

ནད་རྟགས། 

བཤང་བའི་གཏོང་གྲངས་ཇེ་མང་དུ་འགྲོ་བ་དང་། སྐྱོ་འདུར་འདྲ་བའམ་ཆུ་འདྲ་བ་བཤལ་བ། སྐབས་རེར་སྣབས་དང་རྣག་ཁྲག་འདྲེས་པ། རྒྱུ་མའི་ནད་ཀྱིས་བཤལ་བའི་ཁྱད་ཆོས་ནི། ལྟེ་བའི་གཡས་གཡོན་གྱི་གསུས་པ་མི་བདེ་བ། ཟས་རྗེས་དང་ཟས་སྔོན་དུ་དྲག་ཏུ་ན་བ། བཤང་བའི་བུངས་མང་ལ་མདོག་སྐྱ་སེར། གཏོང་གྲངས་སྐབས་རེར་མང་ལ་སྐབས་རེར་ཉུང་བ་ཡིན། ལོང་གའི་ནད་ཀྱིས་བསྐྱེད་པའི་བཤལ་བའི་ཁྱད་ཆོས་ནི། གསུས་པའི་གཞོགས་གཉིས་སམ་གསུས་སྨད་ན་བ་དང་། བཤལ་རྗེས་ཅུང་བདེ་བའམ་ཇེ་ཡང་དུ་འགྲོ་བ། བཤང་བའི་གཏོང་གྲངས་མང་ཞིང་བྲེལ་འཚབ་ཆེ་ལ། བུངས་ཉུང་བ་ཡིན། རྒྱུན་པར་ཁྲག་དང་སྣབས་འདྲེས་ཡོད། གཉེ་མའི་ནད་ཀྱིས་བཤལ་བའི་ཁྱད་ཆོས་ནི། གཏོང་འདོད་ཀྱང་གཏོང་མི་ཐུབ་པ་ཡིན། མདོར་ན་ཁོག་པ་བཤལ་བའི་རྒྱུ་རྐྱེན་མི་འདྲ་བར་ནད་རྟགས་ཀྱང་མི་འདྲ་བ་སྟོན་ཏེ། དཔེར་ན། ཚ་བ་བརྒྱག་པ་དང་ལུས་པོ་རིད་པ། ཁོག་པའི་ནང་དུ་རྡོག་པོ་འདྲིལ་བ་ལྟ་བུའི་མངོན་ཚུལ་ཡོད།

སྔོན་འགོག

1 གཅིན་སྙི་ཟ་ཁུ་དང་མཁལ་མའི་ནུས་པ་ཞན་པ། མཆིན་མཁྲིས་དང་གཤེར་རྨེན་གྱི་ནད་སོགས་བྱུང་ན་སྔ་མོ་ནས་གསོ་བཅོས་བཟང་བོ་བྱས་ཏེ་ནད་གཞུག་མི་ལུས་པར་བྱ་བ་དང་། 

2 ཟས་ཀྱི་གཙང་སྦྲ་ལ་དོ་སྣང་བྱས་ཏེ། མི་གཙང་བ་དང་འཁྱགས་པ། རྗེན་པ། གྱོང་བོ། རུལ་སུངས་སུ་གྱུར་པ་མི་བསྟེན་པ་དང་། 

3 རྒྱུ་རིམས་ཀྱི་ནད་བྱུང་ཡོད་ན་ནད་པ་དེའི་རིགས་ཀྱིས་འཁྲིས་སུ་མི་འགྲོ་བ་འབྲེལ་འདྲིས་ཀྱང་བྱེད་མི་རུང་།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། བྲག་ཞུན་དགུ་པ། བྲག་ཁྱུང་།(བྲག་ཞུན་དགུ་པ་དང་ཁྱུང་ལྔ་བསྲེས་པ) གམ་ཕྱེ་དམར་པོ། མྱང་སྤྲས་ལྔ་པ། མཁྲིས་ཕྱེ་བདུན་པ། ད་ཏྲིག་བདུན་པ་སོགས་དང་། ཡང་ན་སེར་པོ་གསུམ་སྦྱོར་དང་གུར་ཀུམ་སྐྱེར་བའི་བར་ཤུན། དོམ་མཁྲིས་དང་གངས་ཆུ། ན་ཟུག་ཆེ་ན་ཏིག་ཏ། གསེར་གྱི་མེ་ཏོག་བསྣན། གུར་ཀུམ་དོམ་འཁྲིས་བྲག་ཞུན་གསུམ་གྱིས་མཆིན་ཁྲག་གི་ཟགས་སྡོམ། གངས་ཆུ་གྲང་མོ་ལ་རྒྱ་སྐྱེགས་བཏབ་པའི་ཐང་གིས་རྒྱུ་མའི་རུལ་བ་བསྲུང་། ཨ་ར་རུའི་ཐང་བཤལ་གྱི་ཟུག་འཆག་ཟེར་བ་ལྟར་ལག་ཏུ་བླང་ངོ་།

2 ཟས་ཀྱིས་བཅོས་པ་ལ། སྒོ་ང་དང་ཤ་སྣག ཉ་ཤ བྱ་ཤ སྲན་ཐུད།(豆腐)  འབྲས་ཁུའམ་ནས་བཙོས་པའི་ཁུ་བ་དྲོ་འཇམ་སོགས་འཕྲོད་པས་བསྟེན་ན་ལེགས། ཤ་ཚོན་པོ་དང་རྩམ་པ། ཚན་མོའི་རིགས་གཏན་ནས་སྤང་། འཁྱགས་པ་དང་རྗེན་པ། བསིལ་ཟས་ཀྱི་རིགས་དང་། འོ་མ་དང་སྲན་ཁུ།(豆浆)ཀེའུ་དང་ལྕ་ཚལ།(芹菜) སྣུམ་བཙོས་ཀྱིས་ཟས་རིགས། སྣུམ་ཆེ་བའི་ཟས། ཙོང་སྒོག ཤ་བསྙལ་མ། ཤ་ཚོན་པོ། མར། ཨ་རག སུར་པན་སོགས་མི་འཕྲོད་པས་འཁྲུ་བ་མ་ཆོད་བར་དུ་ཟས་སྤྱོད་གཟབ་དགོས་པ་ཡིན།


མཉམ་སྤྱོད།