དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱང་ལྡན་ལུས་རྩལ་དང་དབྱང་མེད་ལུས་རྩལ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།

2025-12-10 15:15:34   |   19

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

དབྱང་ལྡན་ལུས་རྩལ་དང་དབྱང་མེད་ལུས་རྩལ་གྱི་ཁྱད་པར་གཙོ་བོ་ནི་ནུས་ཚད་མཁོ་སྤྲོད་བྱེད་སྟངས་མི་འདྲ་བ་དེ་ཡིན། དབྱང་ལྡན་ལུས་རྩལ་ནི་དབྱང་རླུང་ལ་བརྟེན་ནས་ཚིལ་ཞག་དབྱེ་འབྱེད་བྱས་ཏེ་ནུས་ཚད་མཁོ་འདོན་བྱེད་པའི་དྲག་ཚད་དམའ་བ་དང་རྒྱུན་མཐུད་དུས་ཡུན་རིང་བའི་ཐེག་ཤུགས་ལུགས་ཀྱི་འགུལ་སྐྱོད་ཅིག་ཡིན། དབྱང་མེད་ལུས་རྩལ་ནི་ལུས་ཕུང་ལ་དབྱང་དཀོན་པའི་གནས་ཚུལ་འོག་མངར་བཅུད་དབྱེ་འབྱེད་བྱས་ཏེ་ནུས་ཚད་མཁོ་འདོན་བྱེད་ཅིང་། དྲག་ཚད་མཐོ་བ་དང་རྒྱུན་མཐུད་དུས་ཡུན་ཐུང་ལ། མང་ཆེ་བ་སྟོབས་ཤུགས་བརྡོལ་བའི་འགུལ་སྐྱོད་ཡིན། དལ་རྒྱུག་དང་མྱུར་འགྲོ། ཆུར་རྐྱལ་བ། ལྕགས་རྟ་ཞོན་པ་སོགས་ནི་དབྱང་ལྡན་ལུས་རྩལ་གྱི་ཁོངས་སུ་གཏོགས་ཤིང་། ཐུང་རྒྱུག་དང་ལྗིད་འདེགས་སོགས་ནི་དབྱང་མེད་ལུས་རྩལ་གྱི་ཁོངས་སུ་གཏོགས།

图片1(1).png

སྟབས་བདེའི་ཐབས་ཤིག་གིས་འགུལ་སྐྱོད་འདི་གཉིས་དབྱེ་བ་འབྱེད་ཐུབ་སྟེ། དེ་ནི"ཁ་བརྡའི་ཚོད་ལེན"ཡིན། དབྱང་ལྡན་འགུལ་སྐྱོད་བྱེད་སྐབས། སྤྱིར་བཏང་དུ་ཞུགས་མཁན་གྱི་དབུགས་འབྱིན་རྔུབ་གཏན་འཇགས་ཡིན་པས། སྐད་ཆ་ཆ་ཚང་བཤད་ཐུབ་པའམ་ཆད་མ་མཐུད་ཀྱིས་ཁ་བརྡ་བྱེད་ཐུབ། དབྱང་མེད་འགུལ་སྐྱོད་བྱེད་སྐབས། ཞུགས་མཁན་གྱི་དབུགས་འཚང་བ་དང་སྙིང་ལྡིང་ཚད་མགྱོགས་པས། མི་གཞན་དང་འབྲེལ་འདྲིས་བྱེད་དཀའ།

ཆེད་མཁས་པས་དབྱང་ལྡན་ལུས་རྩལ་དང་དབྱང་མེད་ལུས་རྩལ་གཉིས་ལུགས་མཐུན་ངང་ཟུང་འབྲེལ་བྱས་ན། ལུས་ཕུང་བདེ་ཐང་ཡོང་བར་ཕན་ཐོགས། གལ་ཏེ་ཚོ་བྱང་འདོད་ན། དབྱང་ལྡན་འགུལ་སྐྱོད་མང་ཙམ་བྱས་ཆོག གལ་ཏེ་ཤ་གནད་ཀྱི་དབྱིབས་ལེགས་པར་འགྱུར་འདོད་ན། དབྱང་མེད་འགུལ་སྐྱོད་མང་ཙམ་བྱས་ཆོག་ཅེས་བཤད། དེ་མིན་ལས་དང་པོ་བས་དབྱང་ལྡན་ལུས་རྩལ་ནས་མགོ་བརྩམས་ཏེ་ལུས་སྟོབས་ཀྱི་རྨང་གཞི་ཇེ་ལེགས་སུ་གཏོང་བ་ལས་དྲག་ཚད་མཐོན་པོར་རྨོངས་འཐོམས་ཀྱིས་འཇུག་མི་རུང་བའི་བསམ་འཆར་བཏོན།


མཉམ་སྤྱོད།