དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མངར་མེད་འོ་ཇ་ལ་དངོས་གནས་ཀ་ར་མེད་དམ།

2025-12-02 16:50:36   |   267

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

《སྔོན་གྲབས་ཐུམ་སྒྲིལ་ཟས་རིགས་ཀྱི་འཚོ་བཅུད་ཤོག་བྱང་གི་སྤྱི་སྲོལ》ལྟར་ན། "ཀ་ར་མེད"ཅེས་པ་ནི་ཟས་རིགས་ཁེ100(ཡང་ན་ཧའོ་ཧྲེང100)ཡི་ནང་དུ་མངར་ཆའི་འདུས་ཚད་ཁེ0.5ལས་མི་བརྒལ་བ་ལ་ཟེར། མངར་མེད་འོ་ཇ་ནི་ཀ་ར་ཁ་སྣོན་བྱས་མེད་པ་ཙམ་ཡིན། དེར་བརྟེན། ཀ་ར་མེད་ལ་བྲོ་བཅུད་བསྣན་པའི་འོ་ཇ་བདམས་ཚེ། སྔར་བཞིན་མངར་ཆའི་ཚད་ཁེ10ནས15ལས་བརྒལ་བ་སྡུད་ལེན་བྱེད་སྲིད།

"ཚ་ཚད0ཡི་འོ་ཇ་མངར་མོ"ལ་ཨ་སི་པ་ཐེན་སོགས་ཀྱི་མངར་རྫས་འདུས་པས། ཚ་ཚད་ཧ་ཅང་དམའ་བའམ་ཚ་ཚད་མེད་པ་ཡིན། འོན་ཀྱང་། ཡུན་རིང་ལ་འཐུང་རྒྱུ་མང་ན་རྒྱུ་མའི་འབུ་ཕྲའི་ཚོགས་ཀྱི་དོ་མཉམ་ལ་གནོད་པ་དང་། མངར་ཆའི་བརྗེ་ཚབ་ཤེས་ཚོར་ལ་ཤུགས་རྐྱེན་ཐེབས་ནས། གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་ཇེ་དམའ་རུ་འགྲོ་བ་དང་གསང་རྒྱུད་ཟགས་གཤེར་རྙིང་ཚབ་གསར་བྱེད་ཀྱི་ཚོར་བ་སྐྱེན་པའི་མི་ཚོགས་ལ་མངོན་མེད་ཉེན་ཁ་ཡོད།

图片00.jpg

བདེ་ཐང་གི་འོ་ཇ་ཉོ་འདོད་ན། རང་འགུལ་ངང་བྲོ་བཅུད་ལ་ཀ་ར་འདུས་པའི་གནས་ཚུལ་འདྲི་དགོས། ཉོ་དུས"བྲོ་བཅུད་ལ་ཀ་ར་མི་སྣོན་པའི"རེ་བ་བཏོན་ཏེ། མོག་དཀར་དང་བྲོ་བཅུད་ཚུའེ་པོ་པོ་སོགས་ཀྱི་མངར་ཚད་དམའ་བའི་བྲོ་བཅུད་གདམ་དགོས་པ་དང་། མུ་ཏིག་དང་ཕུ་ཐུད་སོགས་ཀྱི་མངར་ཚད་མཐོ་བ་དང་ཚ་ཚད་མཐོ་བའི་བྲོ་བཅུད་ལས་གཡོལ་དགོས། འོ་མ་དག་མ་དང་འོ་མ་གསར་བས་བཟོ་བར་རེ་བ་བཏོན་ནས། ལྡོག་པའི་ཚིལ་སྐྱུར་དང་སྦྱོར་རྟའི་སྡུད་ལེན་ཇེ་ཉུང་དུ་གཏོང་དགོས། ཚོང་པའི་འོ་ཇའི་གྲུབ་རྒྱུ་ཡོངས་བསྒྲགས་ལ་བལྟ་དགོས་པ་དང་། ཡོངས་བསྒྲགས་ཞིབ་ཕྲ་ཡིན་པའི་ཟོང་རྟགས་བདམས་ཏེ"རབ་རིབ་རིགས"ཀྱི་འོ་ཇ་ལས་གཡོལ་དགོས།

གཟའ་འཁོར་རེར་འོ་ཇ་ཐེངས1ནས2ཙམ་འཐུང་དགོས་པ་དང་། ཐེངས་གཅིག་ལ་ཧའོ་ཧྲེང300ནས400ཡི་ཕོར་ཆུང་གདམ་དགོས། འོ་ཇ་འཐུང་བའི་ཉིན་དེར་གཙོ་ཟས་འོས་འཚམ་ངང་ཉུང་དུ་གཏོང་དགོས། དཔེར་ན། འབྲས་ཕོར་བ་གང་ཕྱེད་ཙམ་དུ་བསྒྱུར་ཏེ། "བཟའ་བཏུང་ཚབ་འཇལ"བྱས་ནས་རྙིང་ཚབ་གསར་བྱེད་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཆབས་ཅིག་འཐུང་ཆུ་ཇེ་མང་དུ་གཏོང་དགོས། གཞན་ཡང་འོ་ཇ་ནི་གཅིན་སྙི་ཟ་ཁུའི་ནད་པ་དང་། གཅིན་སྐྱུར་མཐོ་བའམ་གྲུམ་བུའི་ནད་པ། ཁྲག་ཚིལ་མཐོ་བའི་ནད་པ་སོགས་ཀྱི་དམིགས་བསལ་མི་ཚོགས་ལ་མི་འཕྲོད་པས་གཟབ་ནན་བྱ་དགོས།


མཉམ་སྤྱོད།