དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་ལ་འཚམ་པའི་ལུས་རྩལ་ཇི་ལྟར་གདམ་དགོས།

2025-11-28 10:24:09   |   147

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མི་མང་བོས་ཁོམ་དུས་ལུས་རྩལ་སྦྱོང་བཞིན་ཡོད། ལུས་རྩལ་རྣམ་གྲངས་མི་འདྲ་བས་སྤྲོ་སྣང་སྣ་ཚོགས་སྟེར་བ་དང་ཆབས་ཅིག དེ་ལས་ཐོན་པའི་ཕན་འབྲས་ཀྱང་མི་འདྲ། འོ་ན་རང་ལ་འཚམ་པའི་ལུས་རྩལ་ཇི་ལྟར་གདམ་དགོས་ཤེ་ན།

ལུས་རྩལ་ལ་དགའ་མཁན་དཀྱུས་མས་ལོ་ཚོད་ཀྱི་དབྱེ་བ་ལྟར་རང་ལ་འཚམ་པའི་ལུས་རྩལ་བདམས་ཆོག

ནར་མ་སོན་པའི་མིའི་ངོས་ནས་བརྗོད་ན། རུས་པ་འཚར་སྐྱེ་ལ་སྐུལ་འདེད་དང་ལུས་པོའི་མཐུན་སྦྱོར་རང་བཞིན་མཐོར་འདེགས་གཏོང་བ། ལུས་སྦྱོང་གོམས་གཤིས་གསོ་སྐྱོང་བྱེད་པའི་ལུས་ཡོངས་རང་བཞིན་གྱི་འགུལ་སྐྱོད་བྱ་དགོས། དཔེར་ན། མགྱོགས་པོར་འགྲོ་བ། དལ་མོར་རྒྱུག་པ། རི་ལ་འཛེག་པ། ཐག་རྡང་རྩེ་བ། ཆུར་རྐྱལ་བ། ལྕགས་རྟ་སྐོར་བ་སོགས་རྒྱུན་མཐོང་གི་དབྱང་ལྡན་ལུས་རྩལ་ལྟ་བུ། ལུས་རྩལ་འདི་དག་གི་འགུལ་སྐྱོད་ཚད་ཅུང་དམའ་བ་དང་རྒྱུན་མཐུད་དུས་ཚོད་ཅུང་རིང་ལ། ལུས་རྩལ་གྱི་གོ་རིམ་ཁྲོད་དབྱང་རླུང་མཁོ་སྤྲོད་འདང་ངེས་ཡིན་པས། ཁྲག་གི་འཁོར་རྒྱུག་དང་ལུས་པོའི་རྙིང་ཚབ་གསར་བྱེད་ལ་སྐུལ་འདེད་དང་གློ་སྙིང་གི་བྱེད་ནུས་ཇེ་ཆེར་གཏོང་ཐུབ། དུས་རིམ་འདིར། ཐལ་དྲགས་པའི་སྦྱོང་བརྡར་སྣ་རྐྱང་ལ་གཡོལ་དགོས།

22.jpg

མི་དར་མའི་ངོས་ནས་བརྗོད་ན། གློ་སྙིང་གི་བྱེད་ནུས་རྒྱུན་འཁྱོངས་དང་། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བ། ལུས་ཚགས་བཟང་བར་བརྩོན་པ་ནི་མི་མང་བོས་ལུས་སྦྱོང་བྱེད་པའི་དམིགས་ཡུལ་ཡིན། མི་སྒེར་གྱི་དགའ་ཕྱོགས་དང་ཟུང་འབྲེལ་བྱས་ནས་འོས་འཚམ་གྱི་ལུས་རྩལ་རྣམ་གྲངས་བདམས་ཆོག དཔེར་ན། ཡོ་ག་དང་རི་ལ་འཛེག་པ་སོགས་རྒྱུན་མཐོང་གི་དབྱང་ལྡན་ལུས་རྩལ་དང་། དེ་མིན་ལྗིད་འདེགས་དང་ཉལ་འདེད་སོགས་རྒྱུན་མཐོང་གི་ཐེག་ཚད་ཀྱི་དྲག་ཚད་མཐོ་བ། རྒྱུན་མཐུད་དུས་ཡུན་ཐུང་བའི་དབྱང་མེད་ལུས་རྩལ་ལྟ་བུ།

00.jpg

ལོ45ཡན་གྱི་མི་ཚོགས་ལ། སྐབས་འགར་ཀལ་མགྱོགས་པར་ཤོར་བ་དང་རུས་པའི་ཚགས་དམ་ཚད་ཇེ་དམའ་རུ་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས། ལུས་སྦྱོང་སྐབས་ལྷུ་ཚིགས་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱས་ཏེ་རྨས་སྐྱོན་ཕོག་པར་གཡོལ་དགོས། དལ་རྒྱུག་དང་ཐའེ་ཅི་ཆོན། ཐང་ཆེན་ཞབས་བྲོ། ཆུ་རྐྱལ་སོགས་ཀྱི་འགུལ་སྐྱོད་ཚད་དམའ་བ་དང་། རྡེབ་ཚད་དམའ་བ། དལ་ལྷོད་འཚམ་པའི་ལུས་རྩལ་མང་བོ་བདམས་ཏེ། རྒོལ་རྩོད་དྲག་པོ་མི་འབྱུང་བར་བྱ་དགོས། ལུས་སྦྱོང་སྐབས། སྙིང་ཁམས་མི་དྭངས་པ་དང་མགོ་ཡུ་འཁོར་བ། ཚིགས་ན་བ་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་སྦྱོང་བརྡར་བྱེད་མཚམས་འཇོག་དགོས་པ་དང་། ཉེན་ཁ་ཆེ་བའི་གནས་ཚུལ་འོག་ད་དུང་འཕྲལ་མར་སྨན་ཁང་དུ་སྐྱེལ་དགོས།

ལོ་ཚོད་ཀྱི་དབྱེ་བ་ལས་གཞན། ལུས་རྟེན་ཡང་ལུས་རྩལ་གདམ་གསེས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། སྤྱིར་སྐྱེས་པའི་ཤ་གནད་སྔར་ལས་རྒྱས་པ་དང་རུས་པའི་ཚགས་སྔར་ལས་དམ་པོ་ཡིན་པས། རྩལ་ཤུགས་ཅན་དང་མྱུར་ཚད་ཅན། དེ་བཞིན་ལུས་པོའི་རྒོལ་རྩོད་མཐོ་བའི་ལུས་རྩལ་ཁྲོད་ལེགས་ཆ་ཅུང་ལྡན། ལྟོས་བཅས་ཀྱིས་བརྗོད་ན། བུད་མེད་ལ་སྤྱིར་བཏང་དུ་དེ་ལས་བཟང་བོའི་མཉེན་ཆ་དང་མཐུན་སྦྱོར་རང་བཞིན་ལྡན་པས། ལུས་སྦྱོང་དང་ཞབས་བྲོ། སྤོ་ལོའི་རིགས་ཀྱི་ལུས་རྩལ་ཁ་ཤས་ནང་དུ་སྔར་ལས་ལེགས་པའི་འཇོན་ནུས་མངོན་ཐུབ།

གཞན་ཡང་། ལུས་རྩལ་ད་དུང་དགོས་མཁོ་ལྟར་བདམས་ཆོག ལས་ཞུགས་རིགས་སོགས་ཡུན་རིང་ཙོག་པུར་འདུག་པའི་མི་ཚོགས་ལ་མཚོན་ན། ཕྲག་མཇིང་རྐེད་ལ་ལས་ཀས་གནོད་པ་བྱུང་བ་མང་ཞིང་། ལུས་རྩལ་སྦྱོང་བའི་དུས་ཚོད་བལྟོས་ཅས་ཀྱིས་ཚད་བཀག་ཡོད་པས། སིལ་ཧྲུག་ཅན་གྱི་དུས་ཚོད་སྤྱད་དེ་སྦྱོང་བརྡར་བྱ་དགོས་ཏེ། རྐྱོང་འཐེན་ལུས་རྩལ་དང་། སྐས་ཐོག་ལ་འགོ་བ། དོ་མཉམ་ཀེར་ལངས་སོགས་དུས་ཚོད་ཅུང་ཐུང་བའི་ལུས་རྩལ་བྱས་ཆོག འགུལ་སྐྱོད་དྲག་པོ་བྱེད་པར་མི་འཚམ་པའི་དམིགས་བསལ་གྱི་མི་ཚོགས་དཔེར་ན། རུས་ཚིགས་ནད་དང་དལ་ནད་ཅན་གྱི་ནད་པ་དང་སྦྲུམ་མ་སོགས་ཀྱིས་སྨན་པ་དང་ཆེད་ལས་རྩལ་ཁྲིད་པའི་མཛུབ་སྟོན་འོག་འགུལ་སྐྱོད་འོས་འཚམ་བྱ་དགོས།


མཉམ་སྤྱོད།