དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློག་གདན་དང་དྲོད་ནོར་ནོར་གྱིས་སྐྲན་ནད་སློང་ཟེར་བ་བདེན་ནམ།

2025-12-24 10:18:13   |   314

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

གློག་གདན་གྱི་རྩ་བའི་རིགས་པ་ནི་གློག་བཏང་སྟེ་གློག་འགོག་སྐུད་པ་ལ་ཚ་སྣོན་བྱས་རྗེས། ཚ་ནུས་ཐོན་སྐྱེད་བྱས་ནས་དྲོད་ཚད་མཐོ་རུ་གཏོང་བ་དེ་ཡིན། གློག་གཏོང་བའི་གོ་རིམ་ཁྲོད། གློག་གདན་ལ་ཟློས་དམའི་གློག་སྡུད་ཁྱམས་འབྱུང་བ་བདེན་མོད། འོན་ཀྱང་གློག་སྡུད་ཁྱམས་ཀྱི་འགྱེད་འཕྲོའི་དྲག་ཚད་དེ་རྒྱལ་སྤྱིའི་བདེ་འཇགས་ཚད་གཞི་ལས་ཆེས་ཆེར་དམའ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)དང་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྡེ་ཁག(IARC)ཚང་མས་ཟློས་དམའི་གློག་སྡུད་ཁྱམས་དེ་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་ཁྲོད་དུ་བཞག་མེད།

图片1.jpg

དྲོད་ནོར་ནོར་གྱིས་རྫས་འགྱུར་འགྱུར་འབྱུང(དབྱང་འགྱུར་ལྕགས་ཀྱིས་ཚ་བ་གཏོང་བ)བརྒྱུད་ཚ་ནུས་འབྱུང་བ་དང་། ངོ་བོའི་ཐོག་གློག་སྡུད་འགྱེད་འཕྲོ་གང་ཡང་མེད། དེ་ལ་གློག་གདན་ལྟར་གློག་གཏོང་མི་དགོས་པས། འགྱེད་འཕྲོ་དང་འབྲས་སྐྲན་སློང་བའི་ཉེན་ཁ་དེ་བས་ཀྱང་མེད།

图片3.jpg

མདོར་ན། གློག་གདན་དང་དྲོད་ནོར་ནོར་ལས་སྐྲན་ནད་སློང་བའི་འགྱེད་འཕྲོ་འབྱུང་མི་སྲིད། ཡང་དག་པའི་སྒོ་ནས་གློག་གདན་དང་དྲོད་ནོར་ནོར་བཀོལ་ན་བདེ་འཇགས་ཡིན། དུས་ཡུན་རིང་བོར་དྲོད་ཚད་མཐོན་པོའི་སྒོ་ནས་བཀོལ་བ་ལ་གཟབ་ནན་བྱ་དགོས་ཤིང་། འཚིག་རྨས་འབྱུང་བར་སྔོན་འགོག་བྱས་པས་ཆོག

图片2.jpg


མཉམ་སྤྱོད།