དེ་རིང་ནི2025ལོའི་ཟླ12པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློག་སྣོད་ཀྱིས་ཆ་འཕྲིན་རྐུ་ཐུབ་བམ།

2025-12-29 16:16:02   |   156

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

གློག་སྣོད་སྤྱོད་པར་ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་ཐབས་ཡོད་དགོས། བཀོལ་སྤྱོད་སྟབས་བདེ་བའི་མཉམ་དུ། བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཀྱང་ཇེ་མཐོར་གཏོང་དགོས།

གློག་གསོག་པ་ལས་གསང་བ་ཕྱིར་ཤོར་དུ་མི་འཇུག་པ།

བསྒྱུར་བཀོད་བྱས་པའི་གློག་སྣོད་ནང་དུ་ལག་འཁྱེར་ཁ་པར་གྱི་གཞི་གྲངས་རྐུ་བའི"ཤིང་རྟ་ནད་དུག"བཙུགས་ཡོད། གློག་སྣོད་ཀྱི་སྐུད་པ་ཁ་པར་དང་སྦྲེལ་རྗེས། ཁ་པར་ནང་ལ"ཤིང་རྟ་ནད་དུག"ཞུགས་ཏེ། ཁ་པར་ནང་གི་གཞི་གྲངས་གསང་བ་རྐུ་མཁན་གྱི་སྦྲེལ་སྣེ་རུ་བརྒྱུད་སྤྲོད་བྱེད་པ་ཡིན།

1.jpg

སྤྱོད་མཁན་གྱིས་བསྒྱུར་བཀོད་བྱས་ཟིན་པའི་གློག་སྣོད་སྤྱོད་སྐབས། "ཤིང་རྟ་ནད་དུག"བྱ་རིམ་གྲག་འགུལ་མེད་པའི་ངང་ཁ་པར་ནང་དུ་ཞུགས་ནས་ཁ་པར་ནང་གི་འབྲེལ་གཏུག་མི་སྣ་དང་འཕྲིན་ཐུང་། པར་དང་བརྙན་སོགས་མི་སྒེར་གྱི་ཆ་འཕྲིན་རྐུ་བར་མ་ཟད། ཐ་ན་བརྙན་ལེན་དང་སྒྲ་ཕབ་འཕྲུལ་ཆས་བརྒྱུད་ནས་གསང་བའི་པར་ལེན་དང་སྒྲ་ཕབ་སོགས་ཀྱང་བྱེད་པས། སྤྱོད་མཁན་གྱི་གསང་དོན་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་ངེས་ཡིན།

གསང་བ་རྐུ་བའི་གློག་སྣོད་ལ་སྔོན་འགོག་ཇི་ལྟར་བྱེད།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གཤམ་གསལ་གྱི་བྱེད་ཐབས་འདི་དག་སྤྱད་ན། ཚད་ངེས་ཅན་གྱི་ཐོག་ནས་འཇིགས་སྐུལ་དེ་དག་དང་རྒྱང་ཐག་ཇེ་རིང་དུ་གཏོང་ཐུབ་པ་སྟེ།

2.jpg

1.དོགས་པ་ཡོད་པའི་དབང་སྤྲོད་དྲན་སྐུལ་དང་ལེན་མི་བྱེད་པ།"སྒྲིག་ཆས་འདིར་ཡིད་ཆེས་བྱེད་པ"དང"USBཚོད་སྒྲིག་སྒོ་ཕྱེ་བ"སོགས་ཀྱི་འཐེབ་གནོན་གཏན་ནས་གནོན་མི་རུང་། རྒྱུན་ལྡན་གྱི་གློག་སྣོད་ལ་དབང་ཆ་གང་ཡང་མི་དགོས།

2.དངོས་ལུགས་ཀྱི་ཉེན་ཁ་བར་གཅོད་བྱེད་པ། གློག་གསོག་སྐུད་པ(གློག་ཁུངས་ཁབ་རྐང་ཁོ་ན་ཚུད་ཡོད་པ་དང་གཞི་གྲངས་བརྒྱུད་གཏོང་བྱེད་ནུས་མེད་པ)བཀོལ་བའམ་གློག་གསོག་གཞི་གྲངས་བར་བཅད་ཆས་འཁྱེར་དགོས།

3.སྒྲིག་ཆས་དང་མ་ལག་ཇེ་བརྟན་དུ་གཏོང་བ། ཨན་ཀྲུའོ་ཁ་པར་སྤྱོད་མཁན་གྱིས་གསར་སྤེལ་བྱེད་མཁན་གྱི་རྣམ་པའི(སྒྲིག་འཛུགས→མ་ལག→གསར་སྤེལ་བྱེད་མཁན་གྱི་གདམ་གཞི)སྒོ་རྒྱག་པ་དང་། OSསྤྱོད་མཁན་གྱིས་སྦྲེལ་མཐུད་བྱས་རྗེས་དུས་ཐོག་ཏུ"སྒྲིག་འཛུགས→ཀུན་སྤྱོད→སྒྲིག་ཆས་དོ་དམ"ལས་ཡིད་རྟོན་ཕྱིར་འཐེན་བྱ་དགོས།

4.ཡིད་རྟོན་རུང་བའི་གློག་གསོག་ཐབས་ལམ་འདེམས་པ། ནུས་ཚོད་ཀྱིས་ཚད་ལྡན་སྤུས་རྟགས་བེད་སྤྱོད་བྱ་དགོས་པ་དང་། མེ་འཁོར་འབབ་ཚིགས་སུ་བཙོང་བ་དང་རྩ་གཉིས་བཤེར་འབེབས་བྱས་ན་རིན་མེད་ཀྱིས་སྟེར་བའི་གློག་སྣོད་ཉོ་མི་རུང་། དེ་དག་ལ་བསྒྱུར་བཀོད་བྱས་ཡོད་པའི་ཉེན་ཁ་ཧ་ཅང་ཆེ།

འཚོ་བའི་ཁྲོད་ཀྱི་གནས་ཡུལ་འདི་དག་ནས་མཉམ་འཇོག་བྱ་དགོས་པ།

གསང་བ་རྐུ་བའི་སྒྲིག་ཆས་སྤྱིར་བཏང་གི་འཚོ་བའི་མཁོ་ཆས་ནང་འཇུག་པར་མ་ཟད། དེའི་རྒྱུན་ལྡན་གྱི་བྱ་བའི་རྣམ་པ་སྤྱད་དེ་འགེབས་སྲུང་བྱས་ནས། གསང་བ་རྐུ་བའི་བྱ་སྤྱོད་སྔར་བས་སྦ་གསང་བྱེད་པས། དེ་ལྟ་བུའི་བརྙན་ཆས་རྫུས་མ་ལ་ཇི་ལྟར་སྔོན་འགོག་བྱ་དགོས།

3.jpg

1.དོགས་ཟོན་ཇེ་མཐོར་གཏོང་བ་དང་ཞིབ་ཕྲའི་སྒོ་ནས་ལྟ་ཞིབ་བྱ་དགོས། མགྲོན་ཁང་དུ་སྡོད་པའམ་ཆ་རྒྱུས་མེད་པའི་ཁོར་ཡུག་ཏུ་ཐོན་སྐབས། ངེས་པར་དུ་ཁང་བའི་ཕྱོགས་ཡོངས་ལ་ཞིབ་བཤེར་བྱ་དགོས། བསྒར་ཁུང་དང་དུ་སྨུག་ཉེན་བརྡ་གཏོང་ཆས། མཁའ་རླུང་སྙོམ་ཆས་ཀྱི་རླུང་གཏོང་སྒོ། ཤོག་བུའི་སྣོད་སྒམ། གྱང་འགེལ་ཆུ་ཚོད། མདོ་འགྱེལ་ཆས་སོགས་རྒྱུན་མཐོང་གི་དངོས་པོ་ལ་རྒྱུན་ལྡན་མིན་པའི་གྲུབ་ཚུལ་དང་ཡང་ན་ཁུང་བུ་མི་གསལ་བ་ཡོད་མེད་ལ་མཉམ་འཇོག་བྱ་དགོས།

2.དམར་ཕྱིའི་བརྙན་མིག་འཚོལ་ཞིབ་ཡོ་བྱད་དང་བརྡ་རྟགས་བཤེར་འབེབས་ཡོ་བྱད་སོགས་ཀྱི་ལག་ཆ་སྤྱད་ཚེ། སྦས་པའི་བརྙན་ལེན་འཕྲུལ་ཆས་དང་ཉན་དཔྱད་སྒྲིག་ཆས་ཡོད་མེད་མགྱོགས་མྱུར་ངང་ངོས་འཛིན་བྱེད་ཐུབ། རྒྱུན་དུ་གཞུང་དོན་ལ་སྐྱོད་པའི་ཚོང་དོན་མི་སྣས་འཁྱེར་བདེའི་ལྐོག་ཉན་འགོག་དཔྱད་ཆས་ཁྱེར་ནས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས།

3.མི་མངོན་པའི་འཇིགས་སྐུལ་ཁུངས་གཅོད་དགོས། བརྙན་འཕྲིན་དང་སྒྲ་སྒམ། རིག་ནུས་སྒྲ་སྒམ་སོགས་གློག་རྡུལ་སྒྲིག་ཆས་མི་སྤྱོད་པའི་སྐབས་སུ། གློག་ཁུངས་བལ་ཏེ་རྒྱང་རིང་ནས་ནུས་སློང་བྱེད་པར་སྔོན་འགོག་བྱ་དགོས། WiFiསྒྲིབ་ཡོལ་ཁུག་མ་སྤྱད་དེ་ཁ་པར་སོགས་ཀྱི་སྒྲིག་ཆས་ལ་སྲུང་སྐྱོབ་བྱས་ནས་ཁྲིམས་འགལ་ངང་སྦྲེལ་མཐུད་མི་ཐུབ་པ་བྱ་དགོས།

"གསང་གྲངས་སླ་མོ"སྒྲིག་འགོད་མི་བྱེད་པ།

གསང་གྲངས་སླ་མོ་ཞེས་པ་ནི་གཏོར་སླ་བའི་གསང་གྲངས་ལ་ཟེར། དཔེར་ན། རྒྱུན་མཐུད་གྲངས་ཀ་དང་ཁ་པར་ཨང་གྲངས། རུས་མིང་། སྐྱེས་སྐར་སོགས་སྡེབ་སྒྲིག་བྱས་ནས་གྲུབ་པའི་གསང་གྲངས་ཚང་མ་གསང་གྲངས་སླ་མོའི་ཁྱབ་ཁོངས་སུ་གཏོགས། འཚོ་བའི་ཁྲོད་གསང་གྲངས་ཇི་ལྟར་སྒྲིག་འགོད་བྱ་དགོས་སམ་ཞེ་ན།

4.jpg

1.གསང་གྲངས་ཀྱི་རིང་ཚད་ཉུང་མཐར་ཡང་གྲངས་གནས་བརྒྱད་ཡོད་དགོས། གསང་གྲངས་ཇི་ཙམ་རིང་ན་དེ་ཙམ་གྱིས་གཏོར་དཀའ། དེའི་ནང་དུ་ད་དུང་གསལ་བྱེད་ཆེ་ཆུང་དང་གྲངས་ཀ མཚོན་རྟགས་བཅས་ཚུད་དགོས།

2.རུས་མིང་དང་། སྐྱེས་སྐར། ཁ་པར་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་གསང་གྲངས་སུ་སྤྱོད་མི་རུང་། ཟླ་བ་གསུམ་རེར་གསང་གྲངས་ཐེངས་རེ་བརྗེས་ནས་གསང་གྲངས་གཏོར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།


སྐབས་སྔོན་མ། སྐྲ་བྱི་བའི་རྒྱུ་རྐྱེན་ཅི་ཡིན།
སྐབས་རྗེས་མ། མེད།
མཉམ་སྤྱོད།