དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆང་འཐུངས་རྗེས་དུས་ཡུན་ཅི་ཙམ་འགོར་རྗེས་སྨན་འཐུང་ཆོག

2026-01-08 11:09:09   |   168

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཆང་བཅུད་དང་སྨན་རྫས་འགྱུར་འབྱུང་བྱུང་བ་ཡིས་སྨན་བཅོས་ཀྱི་ཕན་ནུས་བསྒྱུར་པར་མ་ཟད། སྨན་ལོག་ཚབས་ཆེན་ཡང་འབྱུང་སྲིད། དེར་བརྟེན། སྨན་པས་སྤྱིར་བཏང་དུ་སྨན་འཐུང་བའི་སྐབས་སུ་ཆང་འཐུང་མི་རུང་བར་བཤད། ཡིན་ནའང་། ཆང་འཐུངས་རྗེས་ལུས་ལ་ནད་བྱུང་བའམ་མི་བདེ་བ་བྱུང་ན། དུས་ཡུན་ཅི་ཙམ་འགོར་རྗེས་གཞི་ནས་སྨན་བསྟེན་ཆོག་ཅེ་ན། དེ་ལ་གཅིག་མཐུན་གྱི་ལན་ཞིག་མེད་དེ། རྒྱུ་མཚན་ནི་རྒྱུ་རྐྱེན་སྣ་མང་གིས་ཆང་བཅུད་བརྗེ་ཚབ་ལ་ཤུགས་རྐྱེན་ཐེབས་སྲིད།

图片1.jpg

ཁྲག་གི་ཆང་བཅུད་གར་ཚད་ནི་ཆང་བཅུད་ཀྱི་སྡུད་ཚད་དང་ཕོ་བར་ཟས་རིགས་ཡོད་མེད། ཕོ་བ་སྟོང་བར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན། ཆང་བཅུད་དབྱང་འགྱུར་གྱི་འགྲོས་ཚད་སོགས་ཀྱི་རྒྱུ་རྐྱེན་གྱིས་ཐག་གཅོད་བྱེད། མི་སོ་སོའི་ཆང་བཅུད་གཙང་སེལ་བྱེད་ཚད་ལ་ཧེ་བག་ཆེན་པོ་ཡོད། གོ་སླ་བར་སྨྲས་ན། མི་རྣམས་ཀྱི་ཆང་གི་བཟི་ཁ་ཐུབ་མིན་གྱི་ཚད་མི་འདྲ།

图片2.jpg

ཉུང་མཐའ་ནས་བརྩིས་ན། མིའི་ལུས་ཕུང་གིས་ཆང་བཅུད་ཀྱི་ཆ་སྙོམས་གཙང་སེལ་བྱེད་པའི་འགྲོས་ཚད་ནི་ཆུ་ཚོད་རེར་ཁེ6ནས8ཡིན་པ་ལྟར་བྱས་ན། གལ་ཏེ་སྦི་རག་ཤེལ་དམ་གཅིག་གམ་ཆང་དམར་ཕོར་གང་འཐུངས་ན། ཕལ་ཆེར་ཆུ་ཚོད2ནས3ཙམ་གྱིས་ཆང་བཅུད་བརྗེ་ཚབ་ཡོངས་སུ་འགྲུབ་ཐུབ། གལ་ཏེ་ཆང་དཀར་ཁེ150(ཆང་བཅུད་ཁེ75ཙམ)འཐུངས་ན། ཉུང་མཐར་ཡང་ཉིན་ཕྱེད་འགོར་ན་ད་བཟོད་བཟི་དེངས་ཐུབ།

图片3.jpg

ཆང་འཐུངས་རྗེས་དུས་ཡུན་ཅི་ཙམ་འགོར་རྗེས་སྨན་འཐུང་ཆོག་མིན་ཡང་སྨན་གྱི་ཁྱད་པར་དང་འབྲེལ་བ་ཡོད། དཔེར་ན། ཆང་བཅུད་དང"ཧྲོང་ལིའུ་ལུན་དབྱང་འགྱུར་འབྱུང"བྱེད་ཐུབ་པའི་སྨན་རྫས་ཏེ། ཐོའུ་པའོ་སྲིན་རྒྱུ་རིགས་དང་། ཞའོ་ཅི་སྨི་ཙུའོ་རིགས་སོགས་འདུས་པའི་སྨན་སྤྱོད་པའི་སྐབས་སུ་ཆང་གཏན་ནས་འཐུང་མི་རུང་། ཡང་ན་ཉུང་མཐར་ཡང་ཆུ་ཚོད72ནས96བར་རྒྱུན་འཁྱོངས་བྱ་དགོས། སྙིང་རླུང་འགོག་པའི་སྨན་དང་གཉིད་སྨན་གཉིས་ཆང་བཅུད་དང་མཉམ་དུ་འཐུངས་ན། སེམས་ལྷོད་ལ་འབབ་པའི་ནུས་པ་ཇེ་ཆེར་འགྲོ་སྲིད། གལ་ཏེ་ཆང་འཐུངས་ན། ཉུང་མཐར་ཡང་ཆུ་ཚོད4ནས6ཙམ་གྱི་རྗེས་སུ་ད་གཟོད་འཐུང་ཆོག གཉིད་ལ་ཞེན་པ་ནི་ཙུའུ་ཨེན་འགོག་པའི་སྨན་གྱི་རྒྱུན་མཐོང་གི་མི་ལེགས་པའི་སྣང་ཚུལ་ཞིག་ཡིན། ཆང་འཐུངས་ཚེ་ནད་བབ་ལྕི་རུ་འགྲོ་བས། ཆང་འཐུངས་རྗེས་ཕལ་ཆེར་ཆུ་ཚོད4ནས6གི་རྗེས་སུ་ད་གཟོད་སྤྱད་ཆོག ཁྲག་ཤེད་གཅོག་པའི་སྨན་དང་ཁྲག་མངར་ཇེ་དམའ་རུ་གཏོང་བའི་སྨན་སྟེན་སྐབས། སྤྱིར་བཏང་དུ་ཆང་འཐུང་མི་རུང་། དངོས་གནས་གཡོལ་ཐབས་བྲལ་བའི་སྐབས་སུ། ཆང་དང་སྨན་གཉིས་འཐུང་བའི་བར་ཆུ་ཚོད1ནས2ཙམ་འཇོག་དགོས།


སྐབས་སྔོན་མ། གློག་སྣོད་ཀྱིས་ཆ་འཕྲིན་རྐུ་ཐུབ་བམ།
སྐབས་རྗེས་མ། མེད།
མཉམ་སྤྱོད།