དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཚོ་བཅུད་དོ་མཉམ་ནི་ལུས་ཕུང་བདེ་ཐང་གི་གཞི་རྩ་ཡིན།

2026-01-13 16:04:33   |   124

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། མི་ལུས་ཀྱི་བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་ཆེན་པོ་བཞི་ཡོད་དེ། འཚོ་བཅུད་དོ་མཉམ་པ་དང་། འགུལ་སྐྱོད་འོས་ཤིང་འཚམ་པ། གཉིད་འདང་ངེས་ཡིན་པ། སེམས་ཁམས་བདེ་ཐང་ཡིན་པ་བཅས་སོ། རྒྱུ་རྐྱེན་འདི་དག་གི་ཁྲོད་ཆེས་གཙོ་བོ་དང་ཆེས་རྩ་བ། ཆེས་རྒྱུན་ལྡན་གྱི་ནུས་པ་ཐོན་པ་ནི་ཟས་རིགས་ཀྱི་འཚོ་བཅུད་ཡིན་པས། འཚོ་བཅུད་དོ་མཉམ་པ་ནི་བདེ་ཐང་གི་གཞི་རྩ་ཡིན་ཞེས་བཤད་ཆོག

图片11.jpg

མི་མང་བོར་ཟས་རིགས་སྣ་ཚོགས་ཀྱིས་མཁོ་འདོན་བྱེད་ཐུབ་པའི་འཚོ་བཅུད་རིན་ཐང་ཐད་ལ་གོ་ནོར་མི་ཉུང་བ་ཐེབས་ཡོད་པ་དང་། ཐ་ན་མི་ལ་ལས་འབྲུ་རིགས་སྤུས་ལེགས་ཟོས་ན་ད་གཟོད་རང་ཉིད་ཀྱི་འཚོ་བཅུད་མཁོ་སྤྲོད་འགན་ལེན་བྱེད་ཐུབ་པར་འདོད་མོད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ཤེས་མེད། ཆེད་མཁས་པས་བཏོན་པའི་བསམ་འཆར་ལྟར་ན། མི་ཞིག་གིས་ཉིན་གཅིག་ལ་ཟས་རིགས་སྣ་ཁ་བཞི་ཟ་དགོས་ཏེ། འབྲུ་རིགས་སྣ་ལྔ་དང་ཤིང་འབྲས་སྔོ་ཚོད། འོ་མའི་རིགས། ཤ་རིགས་བཅས་ཡིན། ཟས་རིགས་འདི་བཞི་པོས་མི་ལུས་ལ་ཉིན་ལྟར་མཁོ་བའི་འཚོ་བཅུད་སྣ་བདུན་མཁོ་འདོན་བྱེད་དེ། དེ་དག་ནི་ཆུ་ཆ་དང་མངར་ཆ། སྤྲི་དཀར་རྫས། ཚིལ་སྐྱུར། འཚོ་རྒྱུ། སྐྱེ་མེད་ཚྭ། ཚི་སྣ་བཅས་ཡིན། དེར་བརྟེན། ཟས་རིགས་འདི་བཞི་པོར"དོ་མཉམ་གྱི་ཟས་རིགས"ཞེས་ཟེར།

图片22.jpg

ནུབ་ཕྱོགས་ཀྱི་བདེ་ཐང་སྡེ་ཁག་གིས་མི་རྣམས་ཀྱི་བཟའ་བཏུང་སྐོར་ལ་གཤམ་གསལ་གྱི་བསམ་འཆར་བཏོན་མྱོང་།

གཅིག ཟས་རིགས་སྣ་མང་ཅན་དུ་བཏང་སྟེ། ལུགས་མཐུན་གྱིས་ཟས་རིགས་བསྡེབས་ན་འཚོ་བཅུད་སྣ་འཛོམས་ཅན་མངོན་འགྱུར་བྱེད་ཐུབ།

གཉིས། སྔོ་ཚོད་དང་ཤིང་ཏོག འབྲུ་རིགས་བཅས་མང་ཙམ་ཟོས་ན། འཚོ་རྒྱུ་དང་གཏེར་རྫས། བཟའ་བཅའི་ཚི་སྣ་བཅས་ཁ་སྣོན་ཕུན་སུམ་ཚོགས་པ་བྱེད་ཐུབ།

གསུམ། ཞག་ཚིལ་ཉུང་བའི་ཟས་རིགས་དང་མཁྲིས་རྒྱུ་གཤེར་རྩི་ཉུང་བའི་ཟས་རིགས་གདམ་དགོས་ཏེ། ཚད་ལོངས་ཚིལ་སྐྱུར་དང་མཁྲིས་རྒྱུ་གཤེར་རྩི་སྡུད་ལེན་བྱེད་ཚད་ཇེ་ཉུང་དུ་བཏང་ན། ཚོ་འབུད་པ་དང་དལ་ནད་སློང་བའི་ཉེན་ཁའི་རྐྱེན་ཇེ་ཉུང་དུ་གཏོང་ཐུབ།

བཞི། ཚྭ་དང་ཀ་ར་ཉུང་ཙམ་ཟོས་ན། ཁྲག་ཤེད་མཐོ་བའི་ནད་ཕོག་ཚད་ཇེ་དམའ་རུ་གཏོང་ཐུབ།

ལྔ། ཆང་འཐུང་ཚད་ཇེ་ཉུང་དུ་བཏང་ན་ཡི་ག་ཇེ་ཆེར་གཏོང་ཐུབ་སྟེ། འཚོ་བཅུད་སྣ་ཚོགས་མི་འདང་བ་ལས་གཡོལ་ཏེ་འཇུ་བྱེད་མ་ལག་དང་། ལྷག་པར་དུ་མཆིན་པ་དང་དབང་རྩའི་མ་ལག་གི་བྱེད་ནུས་ལ་སྲུང་སྐྱོབ་བྱེད་ཐུབ།

དྲུག ཐ་མག་མ་འཐེན་ན་ལུས་ཀྱི་དབྱང་རླུང་དང་འཚོ་རྒྱུCཡི་རྒྱུན་ལྡན་གྱི་བརྗེ་ཚབ་རྒྱུན་འཁྱོངས་བྱས་ཏེ། རང་དབང་རྨང་འབོར་ཆེན་འབྱུང་བར་སྔོན་འགོག་བྱེད་ཐུབ།


མཉམ་སྤྱོད།