དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགུན་ཁར་ཇི་ལྟར་ལུགས་མཐུན་སྒོས་ཚོ་བྱང་དུ་འཇུག་དགོས།

2026-01-22 11:18:40   |   98

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

གནམ་གཤིས་ཇེ་འཁྱགས་སུ་སོང་རྗེས། མི་མང་བོས་རང་འགུལ་ངང་ཚོ་བྱང་བའི་འཆར་གཞི་དོར་ཏེ། ཉལ་ནས་འདུག་པ་ལས་རྩོལ་བ་འདོན་མི་འདོད་ལ།  རྒྱ་ཁོག་དང་མངར་ཇ། མངར་ཟས་བཅས་རེས་མོས་ཀྱིས་ལོངས་སུ་སྤྱོད། འོན་ཀྱང་དགུན་ཁ་ནི་ལོ་གཅིག་ལས་ཚོ་བྱང་དུས་ཚིགས་ལེགས་ཤོས་དེ་ཡིན།

图片1.jpg

དགུན་ཁར་ཚོ་བྱང་དུ་འཇུག་པའི་དགེ་མཚན་གཙོ་བོ་ནི་ནུས་རྒྱུ་ཟད་གྲོན་བྱེད་ཐུབ་པ་དེ་ཡིན་པས། དགེ་མཚན་དེ་བེད་སྤྱད་ནས་འོས་འཚམ་གྱི་བཟའ་བཏུང་སྡེབ་སྒྲིག་དང་། ལུས་རྩལ་དང་འཚོ་བའི་གོམས་གཤིས་ལེགས་སྒྲིག་བྱ་དགོས།

གཅིག ཚད་ལ་རན་པའི་ངང་འཁྱག་ཏུ་འཇུག་པ།

གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་འོས་འཚམ་ངང་བསྡད་ན་ཚིལ་སྨུག་ནུས་སློང་བྱེད་ཐུབ་མོད། འོན་ཀྱང་འོས་འཚམ་ཡིན་མིན་ལ་དོ་སྣང་བྱ་དགོས། དྲོད་རླངས་དང་དྲོད་སྙོམ་ཆས་ལ་བརྟེན་དྲགས་མི་རུང་སྟེ། ཁང་བའི་ནང་གི་དྲོད་ཚད18 ℃ ནས22℃བར་ཚོད་འཛིན་བྱས་ན་འོས་འཚམ་ཡིན། དེ་ལྟར་བྱས་ན་ལུས་ཕུང་གིས་གྲང་ངར་ཅུང་ཙམ་ཚོར་ཐུབ་པར་མ་ཟད། དྲོད་ཚད་ཀྱང་འོས་ཤིང་འཚམ་པས་ཆམ་ནད་འབྱུང་མི་སྲིད།

གཉིས། སྤྲི་དཀར་དང་ཚི་སྣ་མཐོ་བ་ཡིས་ཞག་ཚིལ་ལྷུང་བར་རམ་འདེགས་བྱེད་པ།

སྤྲི་དཀར་རྫས་འདང་ངེས་ཤིག་སྡུད་ལེན་བྱེད་པར་ཁག་ཐེག་བྱ་དགོས་ཏེ། རྒྱུན་མཐོང་གི་སྤུས་ལེགས་སྤྲི་དཀར་རྫས་ཀྱི་འབྱུང་ཁུངས་སུ་བྱ་ཤ་དང་། ཉ་ཤ ཆུ་འབུ་གློ་ཉ། བྱ་སྒོང་། འོ་མ། སྲན་ཟས་སོགས་ཡོད། ཚི་སྣ་མཐོ་བའི་ཟས་རིགས་མང་ཙམ་ཟ་དགོས་ཏེ། ཚི་སྣ་མཐོ་བའི་ཟས་རིགས་ཀྱིས་ཕོ་བ་འགྲངས་པའི་ཚོར་བ་ཇེ་རིང་དུ་གཏོང་ཐུབ་པ་དང་། མངར་ཆའི་སྡུད་ལེན་ཇེ་དལ་དུ་བཏང་ནས་ཁྲག་མངར་མགྱོགས་པོར་འཕར་ཆག་ཐེབས་རྗེས་ཀྱི་ལྟོགས་པའི་ཚོར་བ་ལས་གཡོལ་ཐུབ།

གསུམ། བདེ་ཐང་ཞག་ཚིལ་འོས་འཚམ་གྱིས་སྡུད་ལེན་བྱེད་པ། 

མི་མང་བོས་ཚོ་བྱང་དུ་འཇུག་སྐབས་ཞག་ཚིལ་རྩ་བ་ནས་འདོར་སྲིད་མོད། འོན་ཀྱང་བདེ་ཐང་གི་ཞག་ཚིལ་ལུས་པོ་ལ་ཕན་པར་མ་ཟད། སྐུལ་རྩི་དོ་མཉམ་རྒྱུན་འཁྱོངས་བྱེད་པར་རམ་འདེགས་ཀྱང་བྱེད་ཐུབ།

བཞི། རྙིང་ཚབ་གསར་བྱེད་དང་འཁྱགས་པའི་ཁོར་ཡུག་གི་ལེགས་ཆ་ཇེ་མཐོར་གཏོང་བ་ཟུང་འབྲེལ་བྱེད་པ།

དགུན་ཁར་ཕྱི་རོལ་ཏུ་སྦྱོང་བརྡར་བྱེད་པར་འཚམ་པའི་དབྱང་ལྡན་ལུས་རྩལ་འགའ་བདམས་ཆོག་སྟེ། དཔེར་ན་དལ་རྒྱུག་དང་། མགྱོགས་འགྲོ། ལྕགས་རྟ་ཞོན་པ། ཐག་མཆོང་སོགས་བྱས་ཏེ། ཕྱི་རོལ་གྱི་ཁོར་ཡུག་བེད་སྤྱད་ནས་ནུས་ཚད་ཟད་གྲོན་བྱེད་པ་ཇེ་མཐོར་གཏོང་དགོས།

ལྔ། ནོར་འཁྲུལ་ལ་གཡོལ་བ་དང་ཐབས་ལམ་མི་འཛོལ་བར་བྱེད་པ།

ཚོ་བྱང་བའི་ཆེད་དུ་བསམ་བཞིན་དུ་འཁྱག་མི་རུང་། ལུས་པོ་ཡུན་རིང་བོར་དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་གནས་ཤིང་རང་ཉིད་ཀྱི་སྙོམ་སྒྲིག་ནུས་པ་ལས་བརྒལ་ན། ཆམ་པ་དང་ཆམ་རིམས། གློ་ཡུའི་གཉན་ཚད་སོགས་དབུགས་ལམ་གྱི་ནད་རིགས་འབྱུང་སྲིད་ལ། ད་དུང་རུས་ཚིགས་ན་བ་དང་ཕྱིད་རྨས་སོགས་ཀྱང་འབྱུང་སྲིད།

དྲུག ཆུ་ཆའི་ཁ་གསབ་སྣང་མེད་དུ་འཇོག་མི་རུང་།

དབྱར་ཁར་རྔུལ་ཆུ་མང་དུ་བཞུར་ན་མི་རྣམས་ཀྱིས་རང་འགུལ་གྱིས་ཆུ་འཐུངས་སྲིད། འོན་ཀྱང་དགུན་ཁར་རྔུལ་ཆུ་བཞུར་ཚད་ཉུང་བས་མི་མང་བོས་ཆུ་འཐུང་བ་སྣང་མེད་དུ་འཇོག་པ་ཡིན། དོན་དངོས་སུ་ཆུ་ནི་ལུས་པོའི་རྙིང་ཚབ་གསར་བྱེད་ཀྱི་འགྱུར་སྐུལ་རྫས་ཡིན་པས། ཆུ་དཀོན་ན་རྙིང་ཚབ་གསར་བྱེད་ཀྱི་ཚད་ཇེ་དམའ་རུ་འགྲོ་སྲིད། དགུན་ཁར་ཉིན་རེར་ཆུ་ཧའོ་ཧྲེང1500ལས་མི་ཉུང་བ་འཐུང་དགོས་ཤིང་། སྐོམ་པའི་ཚོར་བ་བྱུང་རྗེས་ད་གཟོད་ཆུ་འཐུང་བ་བྱེད་མི་རུང་བ་དང་། ཆུ་དྲོན་མོ་མང་ཙམ་འཐུངས་ན་ལྷག་ཏུ་བཟང་།

བདུན། ཚད་ལས་བརྒལ་བའི་འགུལ་སྐྱོད་བྱེད་མི་རུང་།

དགུན་ཁར་ལུས་ཁམས་སླར་གསོ་བྱེད་པའི་འགྲོས་ཚད་དབྱར་ཁ་ལས་དལ་སྲིད། གལ་ཏེ་འགུལ་སྐྱོད་ཚད་ལས་བརྒལ་ན་ཤ་གནད་རྨས་སླ་བར་མ་ཟད། དེ་ལས་ལྡོག་སྟེ་ཚོ་བྱང་དུ་འཇུག་པའི་འཆར་གཞིར་ཤུགས་རྐྱེན་ཐེབས་པ་ཡིན།


མཉམ་སྤྱོད།