དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་ཡུན་རིང་བོར་གཉིད་མ་འདང་ན་ལུས་པོར་འགྱུར་ལྡོག་གང་དག་འབྱུང་སྲིད།

2026-01-28 14:30:06   |   288

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་རིང་བོར་གཉིད་ཡུན་ཆུ་ཚོད7མ་འདང་ཚེ། རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་པར་མ་ཟད། ད་དུང་ལུས་སེམས་བདེ་ཐང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

གཅིག གཉིད་མ་འདང་ན་འགྱུར་ལྡོག་འདི་དག་འཕྲལ་མར་འབྱུང་སྲིད།

00.png

གཉིད་ལེགས་པོ་མ་ཡོང་བའི་ཆེས་མངོན་གསལ་གྱི་ཤུགས་རྐྱེན་ནི་ཉིན་གཉིས་པའི་སེམས་ཁམས་ཀྱི་རྣམ་པ་ཡིན་ཏེ། དེས་ལས་ཀ་དང་སློབ་སྦྱོང་ལ་གནོད་པ་བཟོ་སྲིད། རླངས་འཁོར་གཏོང་དགོས་པའམ་ཡང་ན་མཐོ་སར་འཛེགས་ནས་ལས་སྒྲུབ་བྱ་དགོས་པའི་མི་དག་གི་ངོས་ནས་བརྗོད་ན། ཤུགས་རྐྱེན་འདིའི་རིགས་ཀྱིས་ད་དུང་མི་ལུས་བདེ་འཇགས་ཀྱི་ཉེན་ཁ་བཟོ་སྲིད།

གཞན་ཡང་དགོང་མོར་གཉིད་མ་འདང་ཚེ། ཉིན་གཉིས་པར་ཀླད་ཆེན་གྱི་མཐོ་རིམ་བྱེད་ནུས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ་རེད། དེ་བས་བྱེ་བྲག་ཏུ་བཤད་ན། ཆུ་ཚོད24ནང་གི་གཉིད་མ་འདང་ཚེ། ཁྲག་གི་ཆང་བཅུད་གར་ཚད0.1%ཡིན་པའི་མི་ཞིག་དང་འདྲ་མཚུངས་ཀྱི་ངེས་ཤེས་འགོག་རྐྱེན་འབྱུང་སྲིད་པ་དང་། ཁྲག་གི་ཆང་བཅུད་གར་ཚད0.8%ནི་ཆང་གིས་བཟི་ནས་རླངས་འཁོར་སྐོར་བའི་ཁོངས་སུ་གཏོགས།

གཉིས། ཡུན་རིང་བོར་གཉིད་མ་འདང་ན་ལུས་པོར་འགྱུར་ལྡོག་འདི་དག་འབྱུང་སྲིད།

གཉིད་ནི་མིའི་ལུས་ཁམས་ཀྱི་བདེ་ཐང་ལ་གལ་འགངས་ཆེ། དུས་ཡུན་ཐུང་ངུའི་ནང་གཉིད་མ་འདང་ན། ངེས་ཤེས་ཀྱི་བྱེད་ནུས་ལ་གནོད་སྐྱོན་ཐེབས་པ་དང་། གལ་ཏེ་གནས་ཚུལ་འདིའི་རིགས་དུས་ཡུན་རིང་བོར་རྒྱུན་མཐུད་ཚེ། ལུས་སེམས་བདེ་ཐང་ལ་དེ་བས་ཚབས་ཆེ་བའི་ཤུགས་རྐྱེན་ཐེབས་སྲིད།

1.མགོ་ཕྱེད་ན་ཚད་ཇེ་མཐོར་གཏོང་བ།

མགོ་ཕྱེད་ན་མྱངས་པའི་མིས་ཤེས་གསལ་ལྟར། མགོ་ཕྱེད་ན་བའི་སྐབས་སུ་ཁྱོད་ཀྱི"ཟུངས་ཤུགས"ཡོད་ཚད་ཁྱེར་འགྲོ་བ་དང་འདྲ་ལ། གཉིད་ལེགས་པོ་མ་ལོག་ན་མགོ་ན་བའི་ནད་ལ"རམ་འདེགས"བྱེད་པ་ཡིན། ལོ་ངོ11ལས་བརྒལ་བའི་ཞིབ་འཇུག་ཅིག་ལས་བསྟན་དོན། ཡུན་རིང་བོར་གཉིད་ལེགས་པོ་མ་ལོག་པའི་མི་ལ། ལོ11གི་རྗེས་སུ་མགོ་ཕྱེད་ན་བའི་ཉེན་ཁ་ནི་གཉིད་ཀྱི་གནད་དོན་མེད་པའི་མི་ལས40%ཡིས་མཐོ་བ་དང་། དལ་བའི་རང་བཞིན་གྱི་མགོ་ན་བའི་ཉེན་ཁ50%ཡིས་མཐོ་བ་རེད།

2.སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཇེ་ཆེར་གཏོང་བ།

གཉིད་མ་འདང་ན་རྒྱུན་ལྡན་གྱི་ཁྲག་ཤེད་ཀྱི་ཉིན་ཞག་འཁོར་འགྲོས་དཀྲུགས་ཏེ། སྡུད་འཁུམ་གནོན་ཤུགས་དང་རྐྱོང་སྐྱེད་གནོན་ཤུགས་མཚན་མོར་ཇེ་དམའ་རུ་མི་འགྲོ་བ་དང་། ཚོར་འགྲིམ་དབང་རྩའི་མ་ལག་རྒྱུན་མཐུད་སྐུལ་སློང་གི་རྣམ་པར་གནས་པས། ཁྲག་ཤེད་མཐོ་བའི་གནས་ཚུལ་འབྱུང་སྲིད། གནས་ཚུལ་འདིའི་རིགས་ཀྱིས་ཁྲག་ཤེད་མཐོ་བ་དང་སྙིང་ནད་ཀྱི་ཉེན་ཁ30%ཡིས་ཇེ་མཐོར་གཏོང་།

3.སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ།

ལུས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་ལས་གཞན། གཉིད་མ་འདང་ན་སེམས་ཁམས་བདེ་ཐང་ལའང་ཤུགས་རྐྱེན་ཐེབས་པ་ཡིན། དེ་ནི་ཡི་མུག་པ་དང་སེམས་ཁྲལ་སོགས་བསམ་པའི་འགོག་རྐྱེན་གྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན། ནོར་ཝེ་ཡི་གཞི་ཁྱོན་ཆེ་བའི་མི་ཚོགས་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཉིད་ལེགས་པོ་ལོག་མི་ཐུབ་མཁན་དེ་གཉིད་ལེགས་པོ་ལོག་ཐུབ་མཁན་དང་བསྡུར་ན་སེམས་ཁྲལ་ནད་ཀྱི་ཉེན་ཁ་ལྡབ4.2ཀྱིས་མཐོ་བ་དང་། ཡི་མུག་པའི་ནད་ཀྱི་ཉེན་ཁ་ལྡབ2.7གྱིས་མཐོ་བ་རེད།

4.ཀླད་ཆེན་རྒས་པའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ།

ཞིབ་འཇུག་གཞན་ཞིག་ལས། རྒྱུན་པར་གཉིད་ལོག་དཀའ་བ་དེ་ལོ14རྗེས་ཀྱི་དྲན་ཤེས་ཞན་འགྱུར་དང་ལག་བསྟར་ནུས་པ་ཞན་འགྱུར། སྐད་བརྡའི་ནུས་པ་ཞན་འགྱུར། མཐོང་ཚོར་འཛུགས་པའི་ནུས་པ་ཞན་འགྱུར། ཐག་གཅོད་མྱུར་ཚད་ཇེ་དལ་དུ་འགྲོ་བ་བཅས་དང་འབྲེལ་བ་ཡོད། དེ་ནི་ལོ2.2ནས3.4བར་གྱི་སྔོན་ལ་རྒས་པ་དང་མཚུངས་ཤིང་། འདི་དག་ཡི་མུག་པའི་ནད་སོགས་དང་འབྲེལ་བ་ཡོད་སྲིད། 

5.སྔོན་དཔག་ཚེ་ཚད་ཇེ་ཐུང་དུ་གཏོང་བ།

དུས་ཡུན་རིང་བོར་གཉིད་མ་འདང་ན་ད་དུང་འཆི་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་སྔོན་དཔག་ཚེ་ཚད་ཇེ་ཐུང་དུ་གཏོང་སྲིད། ཞི་ཉི་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་གསལ་སྟོན་བྱས་པ་ནི་གཉིད་ཀྱི་སྤུས་ཚད་ཞན་པའི་བུད་མེད་དང་སྐྱེས་པའི་སྙིང་རྩའི་ནད་མ་ཡིན་པ(CVD)ཡི་སྔོན་དཔག་ཚེ་ཚད་སོ་སོར་ལོ1.80དང་ལོ2.31ཇེ་ཐུང་དུ་ཕྱིན་ཡོད། དེའི་ནང་ཤུགས་རྐྱེན་ཆེ་ཤོས་ནི་གཉིད་ལོག་པ་དང་འབྲེལ་བ་ཡོད་པའི་དབུགས་འབྱིན་རྔུབ་ཀྱི་འགོག་རྐྱེན་རེད། དེས་སྐྱེས་པརCVDམེད་པའི་སྔོན་དཔག་ཚེ་ཚད་ལོ6.73ཇེ་ཐུང་དུ་འགྲོ་བ་དང་བུད་མེད་ཀྱི་ལོ7.32ཇེ་ཐུང་དུ་འགྲོ་བ་རེད།

གསུམ། གཉིད་ཇི་ལྟར་སྙོམ་སྒྲིག་བྱ་དགོས།

གཉིད་མ་འདང་བ་ལས་བྱུང་བའི་གནད་དོན་འདི་དག་སྔོན་འགོག་བྱེད་ཆེད། ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་གཉིད་ཀྱི་སྤུས་ཚད་ལེགས་བཅོས་བྱས་ཆོག

1.གཉིད་ལ་ཕན་པའི་ཁོར་ཡུག་ཅིག་བསྐྲུན་དགོས་ཏེ། ཉལ་ཁྲིའི་སྟེང་དུ་ལག་འཁྱེར་ཁ་པར་བེད་སྤྱོད་མི་བྱེད་པར། གཉིད་ལོག་པའི་ཁོར་ཡུག་སྐྱིད་པོ་དང་ལྷིང་འཇགས། མུན་ནག་ཡིན་པ་ཁག་ཐེག་བྱ་དགོས། 

2.རྒྱུན་ལྡན་གྱི་གོམས་གཤིས་ལེགས་སྒྲིག་བྱ་དགོས་ཏེ། དགོང་མོར་ཆུ་མང་བོ་མི་འཐུང་བ་དང་། ཁ་ཧྥེ་དབྱིན་དང་ཆང་བཅུད་འཐུང་རྒྱུ་ཇེ་ཉུང་དུ་གཏོང་བ། འོད་དྲག་པོ་མི་སྤྱོད་པ་བཅས་བྱ་དགོས།

3.ལུགས་མཐུན་གྱི་བཟའ་བཏུང་སྤྱོད་པ་སྟེ། ཞིབ་འཇུག་ལས་འཚོ་རྒྱུDཡིས་ལོ20ནས50བར་གྱི་མི་ཚོགས་ལ་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ། ང་ཚོས་ཟས་རིགས་སམ་འཚོ་བཅུད་ཁ་གསབ་རྫས་ལ་བརྟེན་ནས་འཚོ་རྒྱུDདང་གཉིད་ལ་ཕན་པའི་ཚད་ཉུང་གཞི་རྒྱུ་གཞན་དག་བསྡུ་ལེན་བྱས་ཏེ་གཉིད་ཀྱི་སྤུས་ཀ་ལེགས་བཅོས་བྱས་ཆོག


མཉམ་སྤྱོད།