དེ་རིང་ནི2026ལོའི་ཟླ03པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཁྱག་སྒམ་དེ་འགན་བཅོལ་སྒམ་ཡིན་པར་འདོད་མི་རུང་།

2026-03-09 10:36:15   |   42

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མི་མང་བོས་འཚོ་བའི་ཁྲོད་སྔོ་ཚོད་དང་ཤིང་ཏོག ཟས་ལྷག་སོགས་འཁྱག་སྒམ་ནང་དུ་འཇོག་པར་དགའ་ཞིང་། ཁ་ཤས་ནི་ཉིན་མང་བོར་འཇོག དོན་དངོས་སུ། འཁྱག་སྒམ་ནི་འགན་བཅོལ་སྒམ་མིན་ཏེ། ཟས་རིགས་ནང་དུ་བཞག་ཀྱང་འབུ་ཕྲ་སྔར་བཞིན་འགོ་སླ་ཞིང་། ཟས་ལྷག་དེ་དག་མི་ཡིས་ཟོས་རྗེས། མྱུར་གཤིས་ཕོ་རྒྱུའི་གཉན་ཚད་དང་ཐ་ན་འཁྲུ་ནད་ཀྱང་སྐྱེད་སྲིད།

11.jpg

ཁྱིམ་སྤྱོད་འཁྱག་སྒམ་གྱི་འཁྱག་ཉར་སྒམ་ནང་ངོས་ཀྱི་འབུ་ཕྲ་དང་སྨར་སྲིན་སྦགས་བཙོག་གི་གནས་ཚུལ་སྐོར་གྱི་བརྟག་དཔྱད་ཅིག་ལས་མངོན་པ་ལྟར་ན། འཁྱག་ཉར་སྒམ་གྱི་ཐོག་རིམ་འབུ་ཕྲའི་གྲངས་འབོར་གྱི་ཚད་གཞི་ལོན་ཚད14.29%ཙམ་ལས་མེད་པ་དང་། འོག་རིམ་གྱི་ཚད་གཞི་ལོན་ཚད་ནི0%ཡིན།

12.jpg

འབུ་ཕྲ་འགོག་པ་དང་གསོད་པ་གཉིས་མི་འདྲ་སྟེ། འཁྱག་ཉར་བྱས་ན་འབུ་ཕྲ་རྩ་བ་ནས་འཁྱགས་ཤི་མི་ཐུབ་པས། གལ་ཏེ། འཁྱག་སྒམ་ནང་རྒྱུན་དུ་དུག་སེལ་མ་བྱས་ན་དེ་ལས་ལྡོག་སྟེ་འབུ་ཕྲ་ཁ་ཤས་ཀྱི"དྲོད་ཁང"ལྟ་བུར་འགྱུར་སྲིད།

13.jpg

ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྔ་མོ་ནས་འཁྱག་སྒམ་ནི"དངོས་པོ་གསོག་ཁང"མིན་ཞེས་དྲན་སྐུལ་བྱས་ཡོད། ཟས་རིགས་བཙོས་མའི་འཁྱག་ཉར་བྱེད་ཡུན་ཉིན་གཉིས་ལས་བརྒལ་མི་རུང་བ་དང་།ཟས་རིགས་རློན་པ་དམ་སྦྱར་སྣོད་བཀོལ་ནས་ལོགས་སུ་དབྱེ་དགོས། འཁྱགས་ཟས་དྲོས་རྗེས་ཡང་བསྐྱར་འཁྱག་ཏུ་འཇུག་མི་རུང་། གད་སྙིགས་སུ་འཕེན་མི་འདོད་པའི་ཚལ་ལྷག་མ་དང་བསྡུར་ན། བདེ་ཐང་ནི་ཆེས་སྲུང་སྐྱོབ་བྱེད་འོས་པའི་རྒྱུ་ནོར་ཡིན་པས། ཚན་རིག་དང་མཐུན་པའི་སྒོ་ནས་འཁྱག་སྒམ་བཀོལ་ན། ད་གཟོད་ཟས་ཀྱི་བདེ་འཇགས་ལ་དངོས་གནས་སྲུང་སྐྱོབ་བྱེད་ཐུབ།

14.jpg


མཉམ་སྤྱོད།