དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཏོག་འཁྱག་སྒམ་ནང་བཞག་ན་མྱུར་དུ་རུལ་ལམ།

2026-03-17 15:43:22   |   43

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

དུས་རྒྱུན་འཚོ་བའི་ཁྲོད། མི་མང་བོས་ཤིང་ཏོག་ཉོས་རྗེས། འགྱིག་ཁུག་དང་ལྷན་དུ་འཁྱག་སྒམ་ནང་ཉར་ངེས། དེ་ལྟར་བྱས་ན་སྟབས་བདེ་ཞིང་ཡུན་རིང་ལ་ལེགས་པོར་ཉར་ཐུབ་པར་འདོད། འོན་ཀྱང་། སྣང་མེད་ཀྱི་སྤྱོད་པ་འདིས་ཁྱེད་ཀྱི་བདེ་ཐང་ལ་གནོད་པ་བཟོ་སྲིད་པ་དང་། ཟས་ཀྱི་འཚོ་བཅུད་ཀྱང་ཉམས་པའི་ཉེན་ཁ་ཡོད།

ཤིང་ཏོག་ཅིའི་ཕྱིར་འགྱིག་ཁུག་དང་ལྷན་དུ་འཁྱག་སྒམ་དུ་ཉར་མི་ཆོག་པ་ཡིན།

ཉིན་རྒྱུན་གྱི་འཚོ་བའི་ནང་བཀོལ་བའི་འགྱིག་ཁུག་དེ། ཟས་སྣོད་དུ་སྤྱོད་རུང་མིན་གྱི་སྒོ་ནས་རིགས་གཉིས་སུ་དབྱེ་ཆོག

11.png

ཟས་སྣོད་དུ་སྤྱོད་མི་རུང་བའི་འགྱིག་ཁུག་གི་རིགས་བཟོ་སྐབས། འགྱིག་ཁུག་དེའི་ངོས་འཇམ་པོ་ཡོང་བའི་ཕྱིར་རྫས་རིགས་སྣ་མང་བཀོལ་ཡོད་པ་དང་། འཁྱག་སྒམ་གྱི་དྲོད་ཚད་དམའ་བའི་གནས་ཚུལ་འོག་འགྱིག་ཁུག་ངོས་ཀྱི་རྫས་རིགས་དེ་དག་ཕྱིར་ཐོན་སླ་བས། སྔོ་ཚོད་དང་ཤིང་ཏོག ཟས་ལྷག་བཅས་མཉམ་དུ་བཞག་ན་ཉེན་ཁ་ཤིན་ཏུ་ཆེ། དེར་མ་ཟད། བསྐྱར་བཟོས་ཚོན་ལྡན་འགྱིག་ཁུག་ཁ་ཤས་ནང་། མིའི་ཚེ་སྲོག་ལ་གནོད་ཆེ་བའི་འབྲས་སྐྲན་བསྐྱེད་པའི་པུན་པིང་ཕི་སོགས་ཡོད་སྲིད་པས། ཟས་རིགས་དང་མཉམ་དུ་དུས་ཡུན་རིང་བོར་བཞག་ན་ཟས་ཀྱི་ནང་དུ་འདྲེས་པའི་ཉེན་ཁ་ཡོད།

22.png

ཟས་སྣོད་དུ་སྤྱོད་རུང་བའི་འགྱིག་ཁུག་ནི། རྒྱུན་ལྡན་གྱི་དྲོད་ཚད་འོག་བཀོལ་ན་ཉེན་ཁ་མེད་མོད། འོན་ཀྱང་། འཁྱག་སྒམ་གྱི་རིམ་པ་འཁྱགས་ཤོས་ཏེ-18℃ནང་བཞག་ན། འགྱིག་ཁུག་དེ་དག་ཀྱང་ཐེད་སྲིད།

ཟས་རིགས་མི་འདྲ་བའི་སོས་སྲུང་དགོས་མཁོ་ཡང་མི་འདྲ་སྟེ། སྤྱིར་བཏང་འགྱིག་ཁུག་གི་ཚགས་དམ་རང་བཞིན་གྱིས་ཉར་འཇོག་ཁོར་ཡུག་ལ་གནོད་པ་བྱེད་སྲིད་པ་དང་། འགྱིག་ཁུག་ལ་ཕྱི་ནང་དུ་རླུང་རྒྱུ་བའི་ནུས་པ་ཞན་པས། གལ་སྲིད་ཁུག་མའི་ནང་གི་དབྱང་རླུང་ཟད་རྗེས་སྔོ་ཚོད་དང་ཤིང་ཏོག་དེ་རིགས་དབྱང་མེད་འབྱིན་རྔུབ་ཏུ་བསྒྱུར་ནས་ཆང་བཅུད་མང་བོ་བསྐྱེད་སྲིད།

33.png

དེ་བཞིན་དུ། སྔོ་ཚོད་དང་ཤིང་ཏོག་ལས་ཐོན་པའི་ཆུ་རླངས་ཁུག་མའི་ཕྱི་རུ་ཐོན་ཐབས་མེད་པས། ཕྱིར་འགྱིག་ཁུག་ཏུ་གསོག་སྟེ་བརླན་ཚད་ཇེ་མཐོར་བསྐྱེད་པ་དང་། བརླན་ཚད་མཐོ་བའི་ཁོར་ཡུག་དེས་ཕྲ་སྲིན་དང་རླམ་སྲིན་སོགས་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཕེལ་ལ་རམ་འདེགས་བྱེད་པས། སྔོ་ཚོད་རུལ་ལད་འགྲོ་བ་ཇེ་མགྱོགས་སུ་གཏོང་སྲིད།


མཉམ་སྤྱོད།