དེ་རིང་ནི2026ལོའི་ཟླ03པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲག་ཤེད་མཐོ་བའི་མགོ་ན་བ།

2026-03-24 09:37:10   |   115

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

ནད་པར་ཁྲག་ཤེད་མཐོ་བའི་ལོ་རྒྱུས་ཡོད་ལ། ཁྲག་ཤེད་རྒྱུན་ལྡན་དུ་བབས་མ་མྱོང་།

ནད་རྟགས།

ནད་པ་མང་ཆེ་བ་མགོ་ཡོངས་ན་བའམ་ལྟག་བརྒྱ་དང་དཔྲལ་བ་རྟུལ་བོར་ན་བ་དང་། ལྡིང་སྟེ་ན་བ་ཡིན། རྒྱུན་པར་ནངས་པར་འབྱུང་བ་དང་མང་ཆེ་བ་སེམས་ཁམས་ལ་འབྲེལ་བ་མེད། ཁྲག་ཤེད་གློ་བུར་དུ་མཐོ་རུ་རྒྱས་པའི་སྐབས་མགོ་དྲག་ཏུ་ན་བ་དང་། དེ་དང་མཉམ་དུ་སྐྱུག་མེར་ལངས་པ་དང་། སྐྱུགས་པ། ངོ་མདོག་སྐྱ་བོར་ལོག་པ། མིག་རབ་རིབ་ཏུ་འགྱུར་བའི་རྟགས་འབྱུང་བ་ཡིན། ནད་ཚབས་ཆེ་བ་རྣམས་དུས་ཚོད་འགའ་འམ་ཉིན་གཅིག་གཉིས་ལ་བརྒྱལ་འགྲོ་བ་དང་། འོས་འཚམ་གྱིས་གསོ་བཅོས་བྱས་རྗེས་མྱུར་དུ་བདེ་རུ་སོང་སྟེ་རྩ་བ་ཉིད་ནས་དྲག་པའམ་ཡང་ན་ནད་རྟགས་ཆུང་ཆུང་རེ་ལུས་པ་ཡིན།

སྔོན་འགོག

རྒྱུན་པར་ཁྲག་ཤེད་དང་། ཁྲག་ཧྭགས། ཁྲག་ཚིལ་སོགས་ཚོད་འཛིན་བྱེད་རྒྱུ་ནི་སྔོན་འགོག་གི་ཐབས་ཤེས་བཟང་པོ་ཞིག་ཡིན། 

གསོ་ཐབས།

ནད་འདི་ལས་བྱུང་བའི་མགོ་ན་བའི་རྒྱུ་རྐྱེན་ནི་ཁྲག་ཤེད་མཐོ་བ་ཡིན། དེའི་ཕྱིར་ཁྲག་ཤེད་རྒྱུན་ལྡན་དུ་འབེབ་རྒྱུ་ནི་གསོ་བཅོས་ཀྱི་རྩ་དོན་ཡིན།

1 དུས་ལྟར་ཁྲག་ཤེད་བཇལ་བ་དང་། ཁྲག་ཤེད་མཐོ་བ(140/90mmhg)དང་། ལྷག་པར་དུ་མི་དར་མ་དང་རྒན་པོ་རྣམས་དང་། ཁྲག་ཤེད་མཐོ་བའི་ལོ་རྒྱུས་ཡོད་པ་དང་ཚོ་ཆེ་བ་རྣམས་ཤེས་པར་བྱེད་དགོས།

2 སྨན་པའི་མངགས་བཅོལ་ལྟར་དང་། ནད་ཚུལ་ལྟར་ཁྲག་ཤེད་འབེབ་སྨན་བསྟེན་དགོས། དཔེར་ན། པེ་ཁུ་ལི་ཁུ།(倍他乐克)  སྙིང་ཟུག་བདེ།(心痛定) ཁད་པོའོ་ཐོན(开博通)སོགས།

3 ཁྲག་ཤེད་མངོན་གསལ་དུ་མ་བབས་པ་དང་། ལྷག་པར་དུ་མགོ་བོ་དྲག་ཏུ་ན་བ་དང་། དེ་དང་མཉམ་དུ་ཞེན་མེར་ལོག་པ་དང་། སྐྱུགས་པ། མིག་རབ་རིབ་གྱུར་ན། མྱུར་དུ་སྨན་ཁང་ལ་བསྐྱལ་ནས་བརྟག་དཔྱད་བྱེད་དགོས།


མཉམ་སྤྱོད།