དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྔོ་ཚོད་མི་འདྲ་བའི་ཉར་འཇོག་བྱེད་ཐབས།

2026-03-26 10:15:31   |   94

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

སྔོ་ཚོད་ཀྱི་བྲོ་བཅུད་མི་ཡལ་བའི་ཆེད་དུ། ཉར་འཇོག་བྱེད་ཐབས་འོས་འཚམ་གདམ་རྒྱུ་ནི་ཧ་ཅང་གལ་ཆེ། སྔོ་ཚོད་སོ་སོའི་སོས་སྲུང་གི་དགོས་མཁོ་མི་འདྲ་བས། བྱེད་ཐབས་དང་བསྟུན་ནས་གསོག་ཉར་བྱས་ན། སོས་སྲུང་ནུས་པ་ཆེས་ཆེར་འདོན་ཐུབ།

1.png

ཚོད་སྣག་དང་ཚོད་སྔོན། རྗེན་ཚལ་སོགས་ཀྱི་རིགས་ནི་སྤུས་སྲུང་དུས་ཡུན་ཅུང་ཐུང་བར་མ་ཟད། བརླན་ཤོར་ནས་སྐམ་པར་འགྱུར་སྐྱེན་པས། བརླན་སྲུང་འཛིན་བྱ་དགོས་མོད་ཆུ་གསོག་མི་རུང་། ཉར་འཇོག་མ་བྱས་པའི་སྔོན་དུ་རུལ་བ་དང་སེར་པོར་གྱུར་པའི་ལོ་མ་བཏོགས་ཏེ། ཐབ་ཚང་གི་ཤོག་བུས་བཏུམས་ནས་ཆུའི་ཆ་བླངས་རྗེས། ཟས་རིགས་ཀྱི་སོས་སྲུང་ཁུག་མའམ་སོས་སྲུང་སྒམ་དུ་བཞག་ནས་སྲུབས་ཀ་ཕྱེ་སྟེ་རླུང་རྒྱུ་ཐུབ་པར་བྱ་དགོས། འཁྱག་སྒམ་ལས་གྲང་ཉར་སྣོད་ཀྱི་ཤིང་ཏོག་དང་སྔོ་ཚོད་སྒམ་དུ་འཇོག་ན། ཉར་འཇོག་དུས་ཡུན་ཉིན་གསུམ་ལས་མ་བརྒལ་ན་ལེགས།

2.png

ཞོག་མངར་དང་ཞོག་ཁོག ལ་ཕུག ཞོག་རྒོད་སོགས་ཀྱི་རིགས་ནི་སྤྱིར་བཏང་དུ་འཁྱག་སྒམ་དུ་འཇོག་མི་དགོས། དེ་དག་བརླན་མི་རུང་བས། སྐམ་བསིལ་ཆེ་བའི་གནས་སུ་ཉར་འཇོག་བྱས་ན་འཚམ། གལ་ཏེ་དུས་ཡུན་ཐུང་ངུའི་ནང་འཁྱག་སྒམ་དུ་འཇོག་དགོས་ན། སོས་སྲུང་སྐྱི་ཤོག་གིས་བཏུམ་པའམ། ཐབ་ཚང་ཤོག་བུ་སྤྱད་ཡོད་པའི་སོས་སྲུང་ཁུག་མར་བཅུག་སྟེ། སྤབས་ཆེ་ནས་རྙིད་པའམ་མྱུ་གུ་འབུ་བར་སྔོན་འགོག་བྱ་དགོས།

3.png

རྡོ་ལུ་མ་དང་ལྡུམ་སྒོང་། སུར་སྔོན། རྡོ་ཀུབ་སོགས་ཀྱི་རིགས་ཉར་འཇོག་བྱེད་སྟངས་ནི་སྨིན་པའི་ཚད་ལ་བལྟ་དགོས། སྨིན་ཐག་མ་ཆོད་པའི་རིགས་ནི་སོས་སྲུང་ཁུག་མས་བཏུམ་ཆོག་མོད། འོན་ཀྱང་དམ་སྦྱར་བྱ་མི་དགོས། གལ་ཏེ་སྨིན་ཟིན་པའམ་དུས་ཡུན་ཐུང་ངུའི་ནང་གྲང་ཉར་བྱ་དགོས་ཚེ། འགྱིག་ཁུག་ཏུ་མ་བཅུག་པར་རླུང་རྒྱུ་སའམ་འཁྱག་སྒམ་གྱི་སྒོ་འབྱེད་རྣམ་པའི་ཉར་འཇོག་དྲ་མིག་ཏུ་བཞག་ནས་མྱུར་དུ་རུལ་བར་གཡོལ་དགོས།

མངར་ཤྭ་དང་གསེར་ཁབ་ཤྭ་མོ་སོགས་ཀྱི་རིགས་ནི་རློན་སླ་བས། ཉར་འཇོག་བྱེད་སྐབས་བརླན་མི་ཤོར་བ་རྒྱུན་འཁྱོངས་བྱ་དགོས།


སྐབས་སྔོན་མ། ཁྲག་ཤེད་མཐོ་བའི་མགོ་ན་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།