དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་སྐྱོན་གྱིས་མགོ་ན་བ།

2026-03-26 16:45:25   |   28

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།  

ཀླད་སྐྱོན་གྱིས་མགོ་ན་བ་ནི་ཀླད་པར་རྣག་སྐྲན་དང་ཁྲག་སྐྲན། སྲིན་སྲན། ཆུ་སྐྲན། འབྲས་ནད་སོགས་བྱུང་བའི་སྐྱོན་གྱིས་མགོ་ན་བ་ཞིག་ཡིན།

ནད་རྟགས།

མགོ་བོར་རྒྱུན་མཐུད་ནས་ན་ཟུག་ཛ་དྲག་གཏོང་བ་དང་། གློ་ལུ་དང་མགོ་བོ་སྒུར་བ། སྦྲིད་པ་རྒྱག་པ་སོགས་ཀྱི་སྐབས་སུ་དེ་བས་ན་ཟུག་གཏོང་བ། སྐྱུག་པ་ཤོར་བ། མིག་གི་མཐོང་ཤུགས་ཉམས་པ། ཤེས་བ་ཟ་ཟི་བྱེད་པ། ཚོར་ཤེས་ཉམས་ཞན་དུ་འགྱུར་བ། ནད་ཚབས་ཆེ་སྐབས་ཁ་མིག་ཡོ་བ་དང་། ཡན་ལག་ཞ་འཁུམས་ཆགས་ལ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

གསོ་ཐབས།

བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་སཱ་རའི་ཤེས་བརྩོན་དང་བསམ་ཁྱུང་།(བསམ་འཕེལ་ནོར་བུ་དང་ཁྱུང་ལྔ་བསྲེས། བླ་མེད། མན་ངག་གུར་ཀུམ་བཅུ་གསུམ། བྱུ་དམར་ཉེར་ལྔ། མུ་ཏིག་ཉེར་ལྔ། གསེར་མདོག་བཅུ་གཅིག རྟ་ཟི་དམར་པོ་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་ནད་རྟགས་དང་ན་ཚོ་སོགས་ལ་གཞིགས་ཏེ་གང་འཚམ་བཞིན་བསྟེན་དགོས།

00.jpg


མཉམ་སྤྱོད།