དེ་རིང་ནི2026ལོའི་ཟླ03པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སིལ་ཏོག་མི་འདྲ་བའི་ཉར་འཇོག་བྱེད་ཐབས།

2026-03-31 10:26:03   |   28

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

སིལ་ཏོག་སྙི་ཞིང་རུལ་སླ་བས། རིགས་མི་འདྲ་བའི་སིལ་ཏོག་གི་ཉར་འཇོག་བྱེད་སྟངས་ལ་དོ་སྣང་བྱ་དགོས། ཐབས་ཤེས་འགྲིགས་ན་སོས་སྲུང་བྱེད་ཡུན་ཇེ་རིང་དུ་གཏོང་ཐུབ་པར་མ་ཟད། ད་དུང་བྲོ་བ་ཇེ་ཞན་དུ་འགྲོ་བའང་འགོག་ཐུབ།

1.png

སིལ་ཏོག་མི་འདྲ་བའི་ཉར་འཇོག་གི་བླང་བྱའི་ཁྱད་པར་ཅུང་ཆེ་བས། རིགས་བཀར་ནས་ཐག་གཅོད་བྱ་དགོས།

ངང་ལག་དང་ཨ་མྲ། འབྲུག་ཚགས་སོགས་ཚ་ཁུལ་གྱི་སིལ་ཏོག་འཁྱག་སྒམ་དུ་འཇོག་མི་འོས། དེ་ལྟར་མ་བྱས་ན་ཕྱིད་དེ་བྲོ་བ་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པས། བསིལ་མོ་དང་རླུང་རྒྱུ་སར་འཇོག་དགོས།

2.png

འབྲི་ཏ་ས་འཛིན་དང་འབྲུ་སེའུ་སྔོན་པོ་སོགས་ཁུ་ལྡན་རིགས་ཐད་ཀར་ཁུང་བུ་ཡོད་པའི་སོས་སྲུང་སྒམ་མམ་ཡང་ན་ཤོག་བུ་ཡོད་པའི་སོས་སྲུང་སྒམ་དུ་བཞག་ནས་བཙིར་གནོན་དང་བརླན་གཤེར་ཐེབས་པ་ལ་སྔོན་འགོག་བྱ་དགོས།

3.png

ཀུ་ཤུ་དང་ཆང་བ་ལི་སོགས་ཉར་ཐུབ་པའི་སིལ་ཏོག་གིས་རླུང་གཟུགས་སིན་ཁ་པ་ཕྱིར་གཏོང་བྱས་ཏེ། སིལ་ཏོག་དང་སྔོ་ཚོད་གཞན་དག་གི་སྨིན་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པས། གཅིག་པུ་ཉར་འཇོག་བྱེད་པའམ་ཡང་ན་སོས་སྲུང་སྐྱི་ཤོག་གིས་བཏུམ་དགོས།

4.png

དམིགས་བསལ་གྱི་དྲན་སྐུལ།

དོ་སྣང་བྱ་དགོས་པ་ཞིག་ནི། ཚད་གཞི་ལོན་པའི་ཟས་རིགས་ཀྱི་འགྱིག་ཁུག་གི་བདེ་འཇགས་རང་བཞིན་ཅུང་མཐོ་མོད། ཡུན་རིང་དུ་སྔོ་ཚོད་དང་སིལ་ཏོག་འགྱིག་ཁུག་དང་མཉམ་དུ་འཁྱག་སྒམ་དུ་འཇོག་མི་འོས།

ཚད་ལོན་པའི་འགྱིག་ཁུག་ཡིན་ནའང་རླུང་རྒྱུ་རང་བཞིན་ནི་ཆེད་སྤྱོད་སོས་སྲུང་ཡོ་བྱད་ལས་ཞན་པ་དང་། ཡུན་རིང་དམ་སྦྱར་ཉར་འཇོག་བྱས་ན། སྔོ་ཚོད་དང་སིལ་ཏོག་ལ་དབྱང་མེད་འབྱིན་རྔུབ་དང་འབུ་ཕྲ་སྐྱེ་འཕེལ་འབྱུང་སྲིད། སོས་སྲུང་སྐྱི་ཤོག་གི་རླུང་རྒྱུ་རང་བཞིན་དང་སོས་སྲུང་རང་བཞིན་སྤྱིར་བཏང་གི་འགྱིག་ཁུག་ལས་ལེགས་མོད། ཚད་ལྡན་གྱི་ཟས་རིགས་ཐོན་རྫས་གདམ་རྒྱུར་དོ་སྣང་བྱ་དགོས།

ཉར་འཇོག་གི་གོམས་གཤིས་ཆུང་ཆུང་ཡང་བདེ་ཐང་དང་ཟས་རིགས་ཀྱི་འཚོ་བཅུད་དང་འབྲེལ་ཡོད། ད་ནས་བཟུང་འགྱིག་ཁུག་ཏུ་སྔོ་ཚོད་དང་སིལ་ཏོག་བཞག་སྟེ་འཁྱག་སྒམ་དུ་འཇོག་པའི་གོམས་གཤིས་དང་ཁ་བྲལ་ཏེ། ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་བཟའ་བཅའི་རྒྱུ་ཆ་ཉར་འཇོག་བྱས་ནས་འཁྱག་སྒམ་དེ་དངོས་གནས་བཟའ་བཅའི་རྒྱུ་ཆའི་སོས་ཉར་སྒམ་ཞིག་ཏུ་འགྱུར་བ་ལས། བདེ་ཐང་གི"མངོན་མེད་ཉེན་ཁའི་སྒམ"དུ་འགྱུར་མི་རུང་།


སྐབས་སྔོན་མ། གཉིད་ཡེར་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།