དེ་རིང་ནི2026ལོའི་ཟླ04པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཆི་ལམ་དུ་འདེད་པའི་བྱ་སྤྱོད་འདི་དག་གིས་ཁྱོད་ཀྱི་སྙིང་ཁམས་བདེ་ཐང་ལ་ཚོར་མེད་ངང་གནོད་པ་སྐྱེལ་བཞིན་ཡོད།

2026-04-08 09:16:58   |   85

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མི་མང་བོས་རང་གི་འདྲིས་གོམས་སུ་གྱུར་པའི་རྒྱུན་ལྡན་གྱི་བྱ་སྤྱོད་འགའ་ཤས་ཀྱིས་ཚོར་མེད་ངང་སྙིང་ཁམས་ལ་གནོད་པ་ཚབས་ཆེན་གཏོང་བཞིན་པ་ཤེས་ཀྱིན་མེད། སྙིང་ཁམས་བདེ་སྲུང་གི་གནད་ནི་རྒྱུན་ལྡན་འཚོ་བའི་ཞིབ་ཕྲའི་བྱ་སྤྱོད་ལ་རག་ལས།

图片1.png

གཅིག མཚན་ཕུད་པ།

དགོང་མོར་སྙིང་གི་ལྡིང་ཚད་སྐར་མ་རེར་ཐེངས60ཡས་མས་སུ་མར་ཆག་ནས་རང་ཉིད་སླར་གསོ་བྱེད་མོད། མཚན་འཕུད་སྐབས་ལུས་པོས་མཁལ་སྟེང་རྨེན་རྒྱུ་ཟགས་ཐོན་བྱས་ཏེ། སྙིང་མུ་མཐུད་དུ"མགྱོགས་མྱུར་ངང་འཁོར་སྐྱོད"བྱེད་དུ་འཇུག དེ་ནི་ལུས་རྩལ་པས་ནར་མར་མ་ལ་སུང་རྒྱང་རྒྱུག་བྱས་ནས་ངལ་མི་གསོ་བ་དང་མཚུངས། ཡུན་རིང་དུ་མཚན་འཕུད་མཁན་གྱི་ཁྲག་ཤེད་མཐོ་བ་དང་སྙིང་འགྲོས་རྒྱུན་ཤོར་གྱི་ཉེན་ཁ་ནི་རྒྱུན་ལྡན་ལྟར་ངལ་གསོ་བྱེད་མཁན་ལས་ལྡབ་གསུམ་གྱིས་མཐོ་བ་དང་། ཐ་ན་གློ་བུར་དུ་འཆི་ཡང་སྲིད།

གཉིས། མངར་ཆ་དང་སྣུམ་མང་བའི་བཟའ་བཏུང་སྤྱོད་པ།

འོ་ཇ་དང་རྒྱ་ཁོག བྱ་ཤ་བསྲེགས་མ། སྤྲི་གོར་སོགས་ན་གཞོན་ཚོས་རྒྱུན་པར་ཟ་བའི་ཞོར་ཟས་དག་ནི་ཁྲག་རྩའི"དགྲ་བོ"ཡིན། མངར་ལྡན་འོ་ཇ་ཕོར་བ་གང་འཐུངས་ན་མངར་ཆས་ཁྲག་མངར་འཕར་དུ་འཇུག་པ་དང་། ཁྲག་རྩའི་ནང་སྐྱིར་གནོད་སྐྱོན་བཟོ་སྲིད། བྱ་ཤ་བསྲེགས་མའི་ཚིལ་རྡོག་ནི"ཨར་འདམ"དང་འདྲ་བར་ཁྲག་རྩའི་ངོས་སུ་འབྱར་ནས་རིམ་གྱིས་ཁྲ་ཐིག་ཏུ་འགྱུར་སྲིད་པ་དང་། ཁྲ་ཐིག་གིས་ཏོག་དབྱིབས་འཕར་རྩ་བཀག་ཚེ་སྙིང་རྩ་འགག་སླ།

གསུམ། ཡུན་རིང་ཙོག་པུར་བསྡད་ནས་མི་འགུལ་བ།

ཉིན་རྒྱུན་ལས་གནས་སུ་དུས་ཡུན་ཆུ་ཚོད་བརྒྱད་ལ་ཙོག་པུར་འདུག་པ་དང་། གཟའ་མཇུག་ཏུ་ཉལ་ནས་ཁ་པར་བརྩེས་ན་སྙིང་ཁམས"སྒྱིད་ལུག"ཏུ་འགྱུར་སྲིད་པས་སེམས་ཆུང་བྱ་དགོས། སྙིང་ནི་ཤ་གནད་དང་འདྲ་བར་ཇི་ལྟར་བཀོལ་ན་དེ་ལྟར་ནུས་པ་ལྡན་པས། ཡུན་རིང་བོར་འགུལ་སྐྱོད་མ་བྱས་ན་སྙིང་གི་ཁྲག་གཤེར་འཁོར་རྒྱུག་གི་ནུས་པ་ཇེ་ཞན་དུ་སོང་ནས། ཅུང་ཙམ་འགུལ་ནའང་དབུགས་འཚང་ཞིང་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་སྲིད། གཞན་ཡང་ཡུན་རིང་ཙོག་པུར་བསྡད་ན་ཁྲག་གི་བཞུར་ཚད་ཇེ་དལ་དུ་སོང་སྟེ་སྡོད་རྩའི་ཁྲག་རྡོག་འགྲུབ་སླ་བ་དང་། གལ་ཏེ་ཁྲག་རྡོག་བྱུང་ན་སྙིང་རྩ་འགག་པ་དང་ཐ་ན་གློ་བ་འགག་པ་སོགས་ཀྱང་འབྱུང་སླ།

བཞི། གནོན་ཤུགས་དང་སེམས་ཁམས་མི་དྭངས་པ།

ན་གཞོན་རྣམས་རྒྱུན་པར་རྒྱུགས་སྤྲོད་པ་དང་ལས་དུས་སྣོན་པ། གཉེན་སྒྲིག་པ་སོགས་ལ་སེམས་ཁྲལ་ཆེ་བས་གནོན་ཤུགས་སྣ་ཚོགས་ལ་འཕྲད་བཞིན་ཡོད། ཁོང་ཁྲོ་ལངས་པ་དང་སེམས་ཁྲལ་བྱེད་དུས་ལུས་ཕུང་གིས"གནོན་ཤུགས་སྐུལ་རྩི"ཕྱིར་བཏང་ནས། ཁྲག་ཤེད་སྐད་ཅིག་ཉིད་དུ་ཇེ་མཐོར་འགྲོ་བ་དང་། ཁྲག་རྩ་འཁུམ་པ་ནི་སྙིང་ལ"ལྕེབས་ཐག"བསྐོན་པ་དང་མཚུངས། ཡུན་རིང་བོར་སེམས་ཁམས་མི་སྐྱིད་པའི་མི་ལ་སྙིང་གཟེར་འབྱུང་བའི་ཉེན་ཁ་ནི་སེམས་ཁམས་སྤྲོ་སྣང་ཅན་ལས་ཆེ་བ་དང་། སྐྱོ་སྣང་ཆེ་དྲགས་ཚེ་ཐ་ན"སེམས་སྐྱོ་འདུས་ནད"ཀྱང་འབྱུང་སྲིད།(ནད་རྟགས་ནི་སྙིང་རྩ་འགག་པ་དང་འདྲ། དོན་དངོས་སུ་སེམས་ཁམས་ལ་གནོད་པ་བསྐྱལ་ནས་སྙིང་གི་བྱེད་ནུས་རྒྱུན་ལྡན་མ་ཡིན་པ་ཡིན།)

ལྔ། ཐ་མག་འཐེན་པ།

ཐ་མག་ནང་གི་ཉི་ཀུའུ་ཏིང་གིས་ཁྲག་རྩ་འཁུམ་དུ་འཇུག་པ་དང་། དབྱང་གཅིག་ཐཱན་རྫས་ཀྱིས་ཁྲག་གི་དབྱང་འཁྱེར་ནུས་པ་ཇེ་ཞན་དུ་བཏང་སྟེ། སྙིང་ལ་དབྱང་མི་འདང་བར་བྱེད་པ་དང་། འཚིག་སྣུམ་ཁྲག་རྩའི་ངོས་སུ་འབྱར་ནས་འཕར་རྩའི་སྲ་འགྱུར་ཇེ་མགྱོགས་སུ་གཏོང་སྲིད། ཐ་མག་འཐེན་མཁན་ལ་ལོ་ན་ཅུང་གཞོན་པའི་དུས་སུ་སྙིང་གི་ཁྲག་རྩའི་དོན་རྐྱེན་མྱུར་མོར་འབྱུང་སྲིད། སྐབས་འགར་ཐ་མག་འཐེན་པ་དང་ཉིན་རེར་ཐ་མག་རྐང་གཅིག་ལས་མ་འཐེན་ནའང་། སྙིང་ཁམས་བདེ་ཐང་གི་ཉེན་ཁ་མངོན་གསལ་གྱིས་ཇེ་ཆེར་འགྲོ་སྲིད། 


མཉམ་སྤྱོད།