དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཏོག་ཆེ་ཆུང་གང་ཉོས་ན་ལེགས​།

2026-04-28 16:07:06   |   32

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ད་ནི་ཤིང་ཏོག་སྨིན་པའི་དུས་ཚིགས་སུ་སླེབས་ལ་ཉེ་ཡོད། དེས་ན་ཤིང་ཏོག་ཉོ་སྐབས་ཆེ་ཆུང་གང་ཉོས་ན་ལེགས་ཤིང་། ཤིང་ཏོག་གི་ཆེ་ཆུང་ལ་མ་གཞིར་ཁྱད་པར་གང་དག་ཡོད། གཤམ་ནས་རྒྱུན་མཐོང་གི་ཤིང་ཏོག་འདེམ་པའི་ཐབས་འགའ་བཤད།

ཤིང་ཏོག་གི་འཚོ་བཅུད་གང་དུ་མཆིས་པར་བལྟས་ནས་གདམ་དགོས།

འཚོ་བཅུད་ཤུན་པར་གནས་ཚེ་ཤིང་ཏོག་ཆུང་བའི་རིགས་གདམ་དགོས་ཤིང་། ནང་སྙིང་དུ་ཡོད་ཚེ་ཆེ་ཆུང་གང་བདམས་ནའང་ཁྱད་པར་མེད།

图片1.png

རྒུན་འབྲུམ་དང་འབྲ་གོ་དམར་པོ། འབྲུ་སེའུ་སྔོན་པོ་བཅས་ཀྱི་ཤུན་པར་མེ་ཏོག་མདོག་རྒྱུ་དང་འཚོ་བཅུད་ཁ་ཤས། བྲོ་ལྡན་དངོས་རྫས་ཁ་ཤས་སོགས་འདུས་ཕྱིར། ལྗིད་ཚད་གཅིག་པའི་སྐབས་སུ་ཤིང་ཏོག་ཆུང་གྲས་ཀྱི་ཤུན་པའི་ཟིན་ཚད་ཆེ་བ་དང་འཚོ་བཅུད་དེ་བས་གར་ཞིང་བྲོ་བ་ལྡན་པས། ཆང་བཙགས་པ་དང་ཁུ་བ་བསྙལ་བ། ཆུར་སྦངས་ན་ཧ་ཅང་ལེགས།

ཚ་ལུ་མའི་རིགས་ཀྱི་ཤིང་ཏོག(ཚ་ལུ་མ་དང་སྐྱུར་རྩི་ཆེན་པོ། རྒྱ་སིལ)གི་རྗེས་མཐུན་ལ་སེར་རྒྱུ་དང་འཚོ་བཅུདCནི་གཙོ་བོ་ཁུ་བའི་ནང་དུ་ཁྱབ་ཡོད་ཅིང་། གསལ་བོར་བཤད་ན་ཤིང་ཏོག་གི་ནང་སྙིང་གི་ཆ་ཤས་སུ་ཁྱབ་ཡོད་པ་ཡིན། འབྲས་བུ་ཆེ་རུ་ཕྱིན་པ་དེས་ཁུ་བ་སྔར་ལས་མང་བ་མཚོན་པར་མ་ཟད་གྲུབ་ཆ་དེ་དག་གསོག་འཇོག་མང་བོ་བྱེད་ཀྱིན་ཡོད།

ཤིང་ཏོག་ཀུ་ཤུ་ལྟ་བུའི་ཤིང་ཏོག་ཆེ་གྲས་ཁག་ཅིག་འདེམ་གསོ་བྱས་པ་བརྒྱུད"ཕྲ་ཕུང་མང་བ+ཆེ་ཆུང་རན་པ"ཟུང་འབྲེལ་ཡག་པོ་བྱས་པས། ཆེ་ལ་མངར་སྐྱུར་དོ་མཉམ་དང་དྲི་ཞིམ་ལྡན་པ་རྒྱུན་འཁྱོངས་བྱས་ཡོད།

ཆུ་ཀུབ་ཀྱི་ཆེ་ཆུང་ནི་རིགས་སྣ་ལ་རག་ལས་ཏེ། རིགས་སྣ་ཁག་ཅིག་ནི་གདོད་མ་ནས་ཆེ་བ་དང་འགའ་ཤས་ནི་རང་བཞིན་གྱིས་ཆུང་། རིགས་སྣ་གཅིག་པ་ལ་ཉི་འོད་ཕོག་པ་ལེགས་ཤིང་ཆུ་འདང་ངེས་གཏོར་ན་སྤྱིར་བཏང་ཤིང་ཏོག་སྔར་ལས་ཆེ་བ་སྐྱེ་ཐུབ། རིགས་སྣས་འབྲས་བུའི་ཆེ་ཆུང་དང་། འདེབས་འཛུགས་ཀྱིས་སྤུས་ཚད་ཐག་གཅོད་བྱེད་པས། ཤིང་ཏོག་གི་ཆེ་ཆུང་ནི་སྨིན་ཚད་དང་འཚོ་བཅུད་གར་ཚད་བར་འབྲེལ་བ་ངེས་ཅན་མེད།

གོ་ཆོད་པའི་འདེམ་ཉོ་བྱེད་སྟངས།

ཤུན་པར་འཚོ་བཅུད་བདོག་ཅིང་། ཤུན་པ་དང་ནང་སྙིང་མཉམ་དུ་བཟའ་དགོས་ན། ཤིང་ཏོག་ཆུང་ངུའམ་ཁ་དོག་ནག་ཞད་ཅན་གདམ་དགོས།

ཤུན་པ་བཤུས་ནས་བཟའ་དགོས་པ་དང་འཚོ་བཅུད་ནང་སྙིང་དུ་ཡོད་ན། རྒྱུན་ལྡན་ལས་ཆེ་བའམ་དབྱིབས་ལེགས་པོ། སྨིན་ཚད་མཐོ་བའི་ཤིང་ཏོག་གདམ་དགོས།

ཤིང་ཏོག་ཉོ་སྐབས་གསར་བ་ཡིན་མིན་ལ་བལྟ་དགོས། འབྲས་བུ་སྲ་མོ་ཡིན་པ་དང་སྙི་མོ་མ་ཡིན་པ། རུལ་བར་མ་གྱུར་པ། ཤིང་ཏོག་ཕྱི་ངོས་ཀྱི་ཕྱེ་རྡུལ་ཆ་ཚང་མཆིས་ཚེ་དེ་ནི་གསར་ཤོས་ཡིན།

ཤིང་ཏོག་ལེགས་མིན་ནི་ཆེ་ཆུང་ལ་རག་མི་ལས་པར་དེའི་རིགས་སྣ་དང་ཐབས་ལམ། སྨིན་ཚད། གསར་ཚད་བཅས་ལ་རག་ལས།


མཉམ་སྤྱོད།