མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0100-01-01 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-29 17:24:32
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0100-01-01 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ1པོའི་ཚེས1ཉིན་ནས་ཟླ3པའི་ཚེས30ཉིན་བར།)

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ1པོའི་ཚེས1ཉིན་ནས་ཟླ3པའི་ཚེས30ཉིན་བར།)

2022-12-29 17:24:32   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

རྩོམ་སྒྲིག  སངས་དོན།


  • ཟླ1ཚེས1ནས་ཚེས2ཉིན་བར། ཁུལ་དཔོན་རྡོ་རྗེ་མདའ་བཞི་དང་འཇུ་ལག་རྫོང་དུ་སོང་ནས། དུས་ཆེན་སྐབས་ཀྱི་རིམས་ནད་འགོག་སྡོམ་དང་ལས་རེས་གནས་སྲུང་། སྤྱི་ཚོགས་བརྟན་བརླིང་། རིན་གོང་དང་མཁོ་འདོན་འགན་སྲུང་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་བྱས་པ་དང་། ལས་རིགས་ཁག་གི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས།

  •  ཟླ1ཚེས4ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཚོ་བྱང་དུ་ཡོང་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་འགྲོ་རོགས་བྱས།

  • ཟླ1ཚེས5ནས་ཚེས6ཉིན་བར། ཁུལ་དཔོན་རྡོ་རྗེ་ཡིས་དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་དང་འཇུ་ལག་རྫོང་དབྱི་སི་ལན་དགོན་པ། ཕུལ་བྱུང་ཏང་ཡོན། རྒྱལ་དབང་མིན་པའི་དཔལ་འབྱོར་འཐུས་མི། སྣེ་སྦྲེལ་རོགས་སྐྱོར་སློབ་མ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་བཅས་ལ་འཚམས་འདྲི་བྱས།

  • ཟླ1ཚེས6ཉིན། ཁུལ་ན་གཞོན་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོ་ཡིས་གསུང་བཤད་གནང་བ་དང་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཚོགས་འདུ་ལ་མགོ་འཛིན་བྱས།

  •  ཟླ1ཚེས7ཉིན། ཁུལ་དཔོན་རྡོ་རྗེ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོར་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

  • ཟླ1ཚེས8ཉིན། འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་རྒྱལ་མཁར་ཡུལ་ཚོ(བྱང་གི་འཕྲེད་ཐིག་ཏུའུ37.77དང་ཤར་གྱི་གཞུང་ཐིག་ཏུའུ101.26)ལ་རིམ་པ6.9ཅན་གྱི་ས་ཡོམ་བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན། ས་ཡོམ་བྱུང་རྗེས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མྱུར་དུ་ས་ཡོམ་རིམ་པIIཡི་འཚུབ་བསྟུན་བྱ་སྤྱོད་དང་གནོད་སྐྱོབ་རིམ་པIཡི་འཚུབ་བསྟུན་བྱ་སྤྱོད་སྤེལ་ཞིང་། ཡོམ་འགོག་གནོད་སྐྱོབ་ལས་དོན་བཀོད་འདོམས་པུ་བཙུགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧོ་ཚན། ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོ་དང་སུང་ཞིའུ་ཙུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་བཅས་ཀྱིས་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཀྱི་མགོ་ཁྲིད་དེ། མྱུར་དུ་ས་ཡོམ་བྱུང་བའི་ཡུལ་དངོས་སུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ས་ཡོམ་གྲལ་བཤེར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཁུལ་འཚུབ་བསྟུན་དོ་དམ་ཅུ་ནས་ཡོམ་འགོག་གནོད་སྐྱོབ་ཀྱི་ལས་དོན་ལ་རྩ་འཛུགས་དང་མཐུན་སྦྱོར་བྱས།

  • ཟླ1ཚེས9ཉིན། ཁུལ་དཔོན་རྡོ་རྗེ་འབྲུ་གུ་ཡུལ་ཚོ་དང་སེམས་ཉིད་ཡུལ་ཚོ་སོགས་སུ་སོང་ནས། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཁང་བའི་གྱང་ངོས་སོགས་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་།

  • ཟླ1ཚེས10ཉིན། མཚོ་བྱང་གི་སྤྱི་བདེའི་གཟེངས་བསྟོད་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་དོན་ལས་དོན་གཞོགས་འདེགས་མི་སྣར་རྟེན་འབྲེལ་གྱི་འཕྲིན་ཡིག་བཏང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་དང་ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོ། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཝང་ཞིན་ཀའོ་བཅས་ཚོགས་འདུར་ཞུགས།

  •  ཟླ1ཚེས11ནས་ཚེས12ཉིན་བར། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་མཚོ་བྱང་དུ་ཡོང་ནས། ཡོམ་འགོག་གནོད་སྐྱོབ་དང་གནོད་འཚེའི་གནས་ཚུལ་ཞིབ་བཤེར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧོ་ཚན་གྱིས་འགྲོ་རོགས་བྱས།

  • ཟླ1ཚེས12ནས་ཚེས13ཉིན་བར། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་དོན་སྙན་ཞུ་གནང་བ་མ་ཟད་ལས་དོན་གྱི་བླང་བྱ་བཏོན། ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་སྤྱི་སྡོམ་བྱས་པ་མ་ཟད་ལས་དོན་ལ་བཀོད་སྒྲིག་བྱས།

  • ཟླ1པའི་ཚེས13ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་དགུ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས་ཤིང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཚོགས་འདུར་ཞུགས་པ་དང་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཚོགས་འདུར་ཟུར་ཞུགས་བྱས།

  • ཟླ1ཚེས17ཉིན། མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་ཀྱིས་འཇུ་ལག་རྫོང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྟག་ལུང་བར་མཚམས་ནས་རི་བྱི(བྱི་ལ)ཆུང་ཆུང་“ཧོང་རུང”རི་རྒྱག་བྱས་ཤིང་། དེ་ནི་འཛམ་གླིང་ཐོག་རྐང་ལག་གཤགས་བཅོས་རྗེས་སུ་རི་རྒྱག་བྱས་པའི་རི་སྐྱེས་རི་བྱི་ཐོག་མ་ཡིན།

  • ཟླ1ཚེས18ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས་ཤིང་གསུང་བཤད་གནང་། ཏང་ཙུའུ་ཁོངས་མི་ཧོ་ཚན་དང་དབྱིན་མོ་ཝུན། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཚོགས་འདུར་ཞུགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཚོགས་འདུར་ཟུར་ཞུགས་བྱས།

  • ཉིན་དེར། ཁུལ་ཡོངས་ཀྱིP2+ཉིང་སྐྱུར་བཤེར་འཇལ་གྱི་རླངས་འཁོར་ཐོག་མའི་རྩིས་སྤྲོད་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་རྡོ་རྗེ་ཡིས་ཤིས་ཚིག་ཕུལ་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མགོ་འཛིན་བྱས། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་མཛད་སྒོར་ཞུགས།

  • ཉིན་དེར། “རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོའི”སྒོ་བྱང་གནང་བའི་བྱེད་སྒོ་དེ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་རུ་སྤེལ་ཞིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཤིས་ཚིག་ཕུལ།

  • ཟླ1ཚེས19ཉིན། ཁུལ་ཡོངས་ཀྱི་ལས་བྱེད་པ་རྒན་པས་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཏུང་ཁྲང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས་སོགས་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བརྙན་ལམ་ཁ་པར་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་གྱི་བརྙན་ལམ་ཁ་པར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཚོགས་འདུར་ཞུགས།

  • ཟླ1ཚེས24ཉིན། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དངོས་ཟོག་སྒྲིག་སྦྱོར་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧོ་ཚན་གྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མཛད་སྒོར་མགོ་འཛིན་བྱས།

  • ཉིན་དེར། ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་གསུང་བཤད་གནང་།

  •  ཟླ1ཚེས25ཉིན། ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་གྱི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧོ་ཚན་གྱིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གསུང་བཤད་གནང་།

  •  ཉིན་དེར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མདའ་བཞི་རྫོང་མདོ་ལ་སློབ་འབྲིང་དུ་སྤེལ་ཞིང་། མདོ་ལ་སློབ་འབྲིང་གི་སྐྱེ་ཁམས་སློབ་གྲྭ་དེ་ཞིང་ཆེན་ཡོངས་ཀྱི་ཁུལ(གྲོང་ཁྱེར)རིམ་པའི་སྐྱེ་ཁམས་སློབ་གྲྭ་ཐོག་མར་གྱུར་ཡོད།

  •  ཟླ1ཚེས26ཉིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཡིས་གསུང་བཤད་གནང་བ་དང་། ཁུལ་དཔོན་རྡོ་རྗེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་སོགས་རྒྱུན་ཨུ་རྣམས་ཚོགས་འདུར་ཞུགས།

  •  ཟླ1པའི་ཚེས27ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས10པ་དང་རྒྱུན་ལས་ཚོགས་འདུ་ཐེངས10པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས་ཤིང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

  •  ཟླ1ཚེས28ནས་ཚེས29ཉིན་བར། ཁུལ་དཔོན་རྡོ་རྗེ་འཇུ་ལག་དང་མདའ་བཞི་རྫོང་དུ་སོང་ནས། ལོ་སར་མ་སླེབས་གོང་གི་རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད། རིན་གོང་བརྟན་བརླིང་། མཁོ་འདོན་འགན་སྲུང་། ཟས་རིགས་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་བྱས།

  •  ཟླ2ཚེས3ནས་ཚེས6ཉིན་བར། ཁུལ་དཔོན་རྡོ་རྗེ་རྫོང་བཞི་བོར་སོང་ནས་ལས་རེས་དང་རྒྱབ་ཕྱོགས་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ཏང་ཡོན་དང་ལས་བྱེད་ལས་བཟོ་པ། གནོད་འཚེ་ཕོག་པའི་མང་ཚོགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ལ་འཚམས་འདྲི་གནང་།

  •  ཟླ2ཚེས9ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་གྲོས་འགོ་ལས་སྒྲུབ་དང་མཚོ་བྱང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་མགོ་འཛིན་བྱས་ཤིང་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཚོགས་འདུར་ཞུགས།

  •  ཟླ2ཚེས11ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་འཇུ་ལག་རྫོང་དུ་ཡོང་ནས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་གནད་དོན་རིས་ཁྲ་བཅོས་སྐྱོང་དང་། བྱེ་རྡོའི་ཐོན་ཁུངས་བཀོད་སྒྲིག་བསྡུ་སྒྲིལ། ས་གཤིས་གནོད་འཚེ་འགོག་བཅོས་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་འགྲོ་རོགས་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་དང་ནུབ་མཚོ་གྲོང་རྡལ་གྱི་མཁར་གྲོང་འཛུགས་སྐྲུན་ལས་གཞིའི་རྩིས་སྤྲོད་ཆེད་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་སྤྱི་བདེ་ཅུ་ཀྲང་གི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་ཚོགས་འདུར་ཞུགས།

  •  ཟླ2ཚེས12ཉིན། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ལ་རོགས་སྐྱོར་བྱེད་པའི་ས་ཡོམ་གནོད་སྐྱོབ་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཤིས་ཚིག་ཕུལ།

  •  ཟླ2ཚེས16ཉིན། ཁུལ་ཨུའི་མི་རིགས་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཡིས་གསུང་བཤད་གནང་བ་དང་། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཏུང་ཁྲང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས། ཁུལ་ཨུའི་རྒྱུན་ཨུ་མགོན་པོ་ཚེ་བརྟན། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་བཅས་ཚོགས་འདུར་ཞུགས།

  •  ཉིན་དེར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཕེ་ལིན་གྱིས་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་འབར་གས་ཚོད་ལྟ་ར་བར་སོང་ནས་བརྟག་ཞིབ་གནང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧུའུ་པིན། ཁུལ་ཨུའི་ཧྲུའུ་ཅི་པད་གོ ཁུལ་ཨུའི་རྒྱུན་ཨུ་ཝང་ཡུང་ཁྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཡུང་ཀུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་བཅས་ཀྱིས་འགྲོ་རོགས་བྱས།

  •  ཉིན་དེར། སྐབས་བརྒྱད་པའི“ཁོ་ཐོར”རྒྱལ་ཁབ་བཞིའི་རྒྱལ་སྤྱིའི་པར་ལེན་སྐོར་སྐྱོད་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་ཀྱི་མིང་བཀོད་པར་ལེན་པ། མདའ་བཞི་རྫོང་གི་སྐལ་བཟང་ཚེ་རིང་ལ་གསེར་གྱི་རྟགས་མ་གནང་།

  •  ཟླ2པའི་ཚེས17ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས11དང་རྒྱུན་ལས་ཚོགས་འདུ་ཐེངས11པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  •  ཉིན་དེར། སྐབས་བཅུ་གསུམ་པའི་ཁུལ་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཚན་ཁག་ཆེན་པོ་བཞིའི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཞུགས་ཤིང་། ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུ་ལ་མགོ་འཛིན་བྱས།

  •  ཟླ2ཚེས18ཉིན། ཁུལ་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་རྨ་ཆུའི་འབབ་རྒྱུད་ཀྱི“བརྟག་དཔྱད”ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གསུང་བཤད་གནང་།

  •  ཟླ2ཚེས21ནས་ཚེས23ཉིན་བར། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ་སོགས་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཚོགས་འདུར་ཞུགས།

  •  ཟླ2ཚེས22ཉིན། ཁུལ་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་སོང་ནས“ཞིང་གསུམ་ལས་དོན་བརྟན་བརླིང་ངང་འཕེལ་རྒྱས”གཏོང་བ་དང་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་པའི”བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་ཚན་གཙོ་དང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཚན་གཙོ་གཞོན་པ་ཡིན་པའི་མཐུན་སྦྱོར་ཚོ་ཆུང་བཙུགས་ནས། བྱེད་སྒོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

  •  ཉིན་དེར། མཚོ་བྱང་ཁུལ་གྱི་སྐབས་ལྔ་པའི་ཀུན་སྤྱོད་དཔེ་བཟང་གི་བྱ་དགའ་གནང་བའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་གྱི་མགོ་ཁྲིད་རྡོ་རྗེ་དང་དབྱང་ཧེ་ལུང་། ཁྲེན་ཏུང་ཁྲང་། དཔལ་རྒྱལ་བཀྲ་ཤིས། ཀྲའོ་ཆིང་ཕིང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། མ་ཁྲེང་ཧྥང་། དབྱིན་དབྱང་། ཞིང་ཆེན་ཤེས་དཔལ་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཅི་ཡུས་དང་། ཁུལ་ཚན་ཁག་ཆེན་པོ་བཞི་ཡི་འབྲེལ་ཡོད་མགོ་ཁྲིད་དག་མཛད་སྒོར་ཞུགས་ནས་ཀུན་སྤྱོད་དཔེ་ལེགས་ཅན་ཐུབ་བསྟན་ཐར་དང་བཀྲ་ཤིས་རྒྱལ། རྒྱ་མཚོ། མ་ཐེན་ལུང་། ཞེ་རྒྱ་མཚོ། ཡོན་ཏན་ཚེ་དབང་། ཁྲོ་ཧྲི་ཧྥེང་བཅས་མི7ལ་བྱ་དགའ་གནང་།

  •  ཟླ2ཚེས22ནས་ཚེས24ཉིན་བར། ཁུལ་དམངས་ཆེན་གྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ《སྲིད་གཞུང་གི་ལས་དོན་སྙན་ཞུ》ཕུལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་སོགས་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཚོགས་འདུར་ཞུགས།

  •  ཟླ2ཚེས24ཉིན། ཁུལ་སྲིད་གཞུང་གི་ཚང་འཛོམས་ཚོགས་འདུ་དང་ཁུལ་སྲིད་གཞུང་མ་ལག་གི་སྲིད་གཙང་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་དཔོན་རྡོ་རྗེ་ཡིས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཁུལ་དཔོན་གཞོན་པ་ཀྲའོ་ཆིང་ཕིང་དང་ལི་ཞང་ཏུང་། ཚོ་ཅི་ཆང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  •  ཟླ2ཚེས25ཉིན། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན(ཅུ་ཀྲང)གྱི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ་མགོན་པོ་ཚེ་བརྟན་གྱིས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་ཚོགས་འདུ་ལ་མགོ་འཛིན་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་འཚུབ་བསྟུན་དོ་དམ་ལས་དོན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་སློབ་གསོའི་ལས་གཞི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དང་ཁུལ་ཡོངས་ཀྱི་སློབ་གྲྭའི་བདེ་འཇགས་བརྟན་བརླིང་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གསུང་བཤད་གནང་།

  •  ཟླ2ཚེས28ཉིན། ཁུལ་ཡོངས་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གསུང་བཤད་གནང་།

  •  ཟླ3ཚེས2ཉིན། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བརྙན་ལམ་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་གསུང་བཤད་གནང་།

  •  ཟླ3ཚེས4ཉིན། ཁུལ་ཨུའི་སྲིད་ཁྲིམས་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་གིས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་མགོ་འཛིན་བྱས། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་ཧན་ཀྲུང་དབྱི། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁེ་ཞོ་ཆིང་ཚོགས་འདུར་ཞུགས།

  •  ཉིན་དེར། ཁུལ་ཨུའི་རོང་འབྲོག་ཁུལ་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་གིས་གསུང་བཤད་གནང་བ་དང་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མགོ་འཛིན་བྱས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཞིང་ཧོས་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་དབྱང་ཧྲེང་ཚོགས་འདུར་ཞུགས།

  •  ཉིན་དེར། ཁུལ་ཡོངས་ཀྱི་བཟོ་ལས་ཚོང་དོན་ལས་དོན་ཚོགས་འདུ་དང་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་ཚོགས་འདུ། ཁུལ་ཡོངས་ཀྱི་མེ་ཟོན་ལས་དོན་ཚོགས་འདུ། ཁུལ་འཛད་སྤྱོད་བདེ་འཇགས་ཨུའི་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པ་བཅས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཚན་རྩལ་ལས་དོན་ ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་གསུང་བཤད་གནང་།

  •  ཟླ3ཚེས7ཉིན། ཧྲིང་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཚོ་བྱང་དུ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཕེབས་རོགས་བྱས།

  •  ཉིན་དེར། ཧྲན་ཏུང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཚོགས་པའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཀྲའོ་ཆིང་ཕིང་གིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་དང་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཟླ3ཚེས8ཉིན། ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མགོ་འཛིན་བྱས་པ་མ་ཟད། གསུང་བཤད་ཀྱང་གནང་།

  •  ཟླ3ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་སྤྱང་ཚང་གཏེར་དོང་དང་པོར་ཕེབས་ཏེ་ཕྱོགས་བསྡུས་བཅོས་སྒྲིག་དང་རྩྭ་འདེབས་སྔོ་ལྗང་སླར་གསོ་བྱས་ཚུལ་ལ་བརྟག་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཕེབས་རོགས་བྱས།

  •  ཉིན་དེར། ཧྲིང་ཀྲང་གཞོན་པ་ཚེ་རིང་ཐར་མདའ་བཞི་རྫོང་དུ་པའོ་ཧུའུ་ཐུའུ་ཆུ་མཛོད་ཀྱི་གནས་ཡུལ་འདེམས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས། ཁུལ་དཔོན་རྡོ་རྗེས་ཕེབས་རོགས་བྱས།

  •  ཟླ3ཚེས10ཉིན། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཡིས་གསུང་བཤད་གནང་བ་དང་ཁུལ་དཔོན་རྡོ་རྗེས་ལས་དོན་བཀོད་སྒྲིག་བྱས། ཁུལ་དཔོན་གཞོན་པ་མ་རུའུ་ཞང་དང་ཧ་ཝུན་ཞུག་ཚོགས་འདུར་ཞུགས།

  •  ཟླ3པའི་ཚེས11ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས12པ་དང་རྒྱུན་ལས་གྲོས་ཚོགས་ཐེངས12པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་དཔོན་རྡོ་རྗེ་ཡིས་མགོ་འཛིན་བྱས་ཏེ་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་ཀྲའོ་ཆིང་ཕིང་དང་ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  •   ཉིན་དེར། མུ་རི་གཏེར་ཁུལ(སྤྱང་ཚང་གཏེར་དོང་དང་པོ)དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཕྱོགས་དང་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི“སྲ་བརྟན་མཐོར་གཏོང་ལོའི”ལས་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོས་གསུང་བཤད་གནང་བ་དང་། ཁུལ་དཔོན་རྡོ་རྗེས་མགོ་འཛིན་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཏུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུ་སུང་ཞུག་ཙུང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

  •  ཉིན་དེར། མདོ་ལ་རྫོང་གི་རྒྱལ་ལམ227གྱི་མདོ་ལ་རྫོང་གི་མཁར་དམར་གྲོང་རྡལ་གྱི126KM+500Mམཚམས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་། མི2ལ་རྨས་སྐྱོན་ཕོག དོན་རྐྱེན་བྱུང་རྗེས། འཚུབ་བསྟུན་དོ་དམ་པུ་དང་སྤྱི་བདེ་པུ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་གཙོ་བོ་དང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ་བཅས་ཀྱིས་སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁུལ་དང་རྫོང་གིས་འཚུབ་བསྟུན་སྔོན་ཇུས་ལག་བསྟར་བྱས།  འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་ལས་དོན་ མགོ་ཁྲིད་ཚན་ཆུང་བཙུགས་ཏེ་སྨན་བཅོས་རོགས་སྐྱོབ་དང་ལས་མཇུག་སེམས་གསོ། དོན་རྐྱེན་བརྟག་དཔྱད་སོགས་སྣ་སོ་སོའི་ལས་དོན་ཧུར་ཐག་གིས་སྤེལ།

  •  ཟླ3ཚེས14ཉིན། ཧྲིང་ཀྲང་གཞོན་པ་ཁོང་ཡུང་འཇུ་ལག་རྫོང་དུ་རིམས་ནད་འགོག་སྡོམ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཕེབས་རོགས་བྱས།

  •   ཉིན་དེར། ཧྲིང་ཀྲང་གཞོན་པ་ལིའུ་ཐའོ་སྤྱང་ཚང་གི་གཏེར་དོང་དང་པོར་སོང་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། རྩྭ་འདེབས་སྔོ་ལྗང་སྲུང་སྐྱོང་། “ཁ་གསབ་གསུམ”གྱི་ལས་དོན་ལ་བརྟག་ཞིབ་བྱས། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཕེབས་རོགས་བྱས།

  •  ཟླ3ཚེས15ཉིན། ཧྲིང་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མདའ་བཞི་རྫོང་དུ་ནུབ་མཚོ་ནས་གཏེར་ལེན་ཁའི་བར་གྱི་གཞུང་ལམ་ལས་གཞི་དང་། མཁར་ཟུར་གསུམ་གྲོང་རྡལ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་མཐོར་གཏོང་ལས་གཞིའི་མཁོ་དངོས་འགན་ལེན་གནས་ཚུལ་ལ་བརྟག་ཞིབ་བྱས། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཕེབས་རོགས་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གྲལ་བཤེར་ཆེན་མོའི་བཅོས་སྐྱོང་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་མགོ་འཛིན་བྱས།

  •  ཟླ3ཚེས16ཉིན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་སྐྲུན་མཉམ་སྤྱོད་ཀྱི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་པ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའི་ཅུ་ཀྲང་གཞོན་པ་ཀོ་ཅིང་ཡུས་དང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ། ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ཆིང་ཕིང་དང་སངས་འབུམ། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

  •  ཉིན་དེར། ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་། ནགས་ལས་དང་རྩྭ་ཐང་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས《མཚོ་བྱང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཁོངས་གཏོགས་སྒྲིག་གཞིའི་མིང་བསྒྱུར་ལེགས་སྒྲིག་དང་འགན་ནུས་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》(བྱང་སྒྲིག་ཨུ་ལྷན〔2022〕ཨང5པ)གཤམ་སྤེལ་བྱས་ནས་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཁོངས་གཏོགས་སྒྲིག་གཞི་དེ་དྲུང་ཡིག་ཚན་ཁག་དང་པོ(སྲིད་ཇུས་ཞིབ་འཇུག་ཚན་ཁག)དང་། དྲུང་ཡིག་ཚན་ཁག་གཉིས་པ(ལྟ་སྐུལ་ཞིབ་བཤེར་ཁང)། དྲུང་ཡིག་ཚན་ཁག་གསུམ་པ(ཕྱི་དོན་གཞུང་ལས་ཁང)། དྲུང་ཡིག་ཚན་ཁག་བཞི་པ། དྲུང་ཡིག་ཚན་ཁག་ལྔ་པ(ཡིག་སྐུར་ངོ་གཏུག་ཚན་ཁག)། དྲུང་ཡིག་ཚན་ཁག་དྲུག་པ། དྲུང་ཡིག་ཚན་ཁག་བདུན་པ(གློད་སྡོམ་ཞབས་མཐུན་སྦྱོར་ཚན་ཁག)། དྲུང་ཡིག་ཚན་ཁག་བརྒྱད་པ། དྲུག་ཡིག་ཚན་ཁག་དགུ་བ(ཆ་འཕྲིན་ཚན་ཁག)། ཕྱོགས་བསྡུས་ཚན་ཁག(སྤྱིའི་ལས་རེས་ཁང)བཅས་སུ་ལེགས་སྒྲིག་བྱས།《མཚོ་བྱང་ཁུལ་གྲངས་གཞི་ཆེན་མོའི་ཞབས་ཞུ་ལྟེ་གནས་གྱི་ནང་ཁུལ་སྒྲིག་གཞི་དེར་བྱ་གཞག་སྒྲིག་ཁོངས་འཛུགས་རྒྱུའི་སྐོར་གྱི་བརྡ་སྦྱོར》(བྱང་སྒྲིག་ཨུ་ལྷན〔2022〕ཨང6པ)གཤམ་སྤེལ་བྱས་ནས་བྱ་གཞག་སྒྲིག་ཁོངས་ཀྱི་མི4ཡི་སྒྲིག་ལུགས་ཐག་གཅོད་བྱས་པ་དང་། གྲངས་གཞི་ཆེན་མོའི་ཞབས་ཞུ་ལྟེ་གནས་ལ་ཕྱོགས་བསྡུས་ཚན་ཁག་དང་། གྲངས་གཞི་བཀོལ་སྤྱོད་དོ་དམ་དང་བདེ་འཇགས་ཚན་ཁག་བཅས་ནང་ཁུལ་སྒྲིག་ལུགས2བཙུགས་པ་དང་། ཁག་རིམ་པ་དང་པོའི་མགོ་ཁྲིད་ལས་གནས2གཏན་ཁེལ་བྱས། སྒྲིག་ཁོངས་སྙོམ་སྒྲིག་བྱས་རྗེས་གྲངས་གཞི་ཆེན་མོའི་གཏན་ཁེལ་གྱི་བྱ་གཞག་སྒྲིག་ཁོངས་མི9རུ་གྱུར་ཡོད།

  •  ཟླ3ཚེས18ཉིན། ཧྲིང་ཀྲང་གཞོན་པ་ལི་ཐའོ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་སྐྱེ་ཁམས་བཅོས་སྐྱོང་ལས་དོན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པར་ཕེབས། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཕེབས་རོགས་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང2022ལོའི་ལས་གཞི་གལ་ཆེན་དེ་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་ལེན་བྱེད་པའི་སྐུལ་འདེད་བཀོད་སྒྲིག་ཚོགས་འདུ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོས་གསུང་བཤད་གནང་བ་དང་ཁུལ་དཔོན་རྡོ་རྗེས་མགོ་འཛིན་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བརྙན་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཀྲའོ་ཆིང་ཕིང་གིས་གསུང་བཤད་གནང་།

  • ཟླ3ཚེས21ཉིན། ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ལས་དོན་ ཚོགས་འདུ་ཐེངས་བརྒྱད་པ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལོ་ལྔ་ཚན་བརྒྱད་པའི་འཆར་འགོད་མགོ་ཚུགས་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོས་གསུང་བཤད་གནང་བ་དང་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མགོ་འཛིན་བྱས།

  •  ཉིན་དེར། ཁུལ་ཡོངས་ཀྱི་སྨན་བཅོས་འགན་ལེན་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཉིན་དེར། ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གསུང་བཤད་གནང་།

  •  ཉིན་དེར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་གྱི་ཡིད་རྟོན་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་ལྟར། རང་ཁུལ་གྱི་བོད་རིགས་འགྲོ་རྩལ་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ2022ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་སྤྱི་ལེ20ཡི་འགྲོ་རྩལ་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་རིམ་གསབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིང་ཀྲང་ཤིན་ཁྲང་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་དཔོན་རྡོ་རྗེ་བཅས་ཀྱིས་ཆོས་དབྱིངས་སྐྱིད་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  •  ཟླ3ཚེས22ཉིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་པ་ལྔ་བས་མཚོ་བྱང་ཁུལ་དུ་བཅའ་སྡོད་ལྟ་ཞིབ་ལས་དོན་སྤེལ་ནས་ནུབ་མཚོ་གྲོང་རྡལ་དུ་སྐུལ་སློང་སྙན་ཞུའི་ཚོགས་འདུ་འཚོགས། ལྟ་ཞིབ་ཚོགས་པའི་ཚོགས་གཙོ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཀྲིས་གསུང་བཤད་གནང་བ་དང་། ལྟ་ཞིབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཁོར་ཡུག་ལྟ་ཞིབ་ཆེད་དོན་པ་ཝང་ཞའོ་ཅན་གྱིས་ལས་ཀའི་བླང་བྱ་བཏོན་པ་དང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་སྐུལ་སློང་སྙན་ཞུ་གནང་བ་དང་ཁུལ་དཔོན་རྡོ་རྗེས་མགོ་འཛིན་བྱས།

  •  ཉིན་དེར། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོགས་པ་གསུམ་པས་སྐོར་གཟིགས“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དང་ཞིང་ཆེན་ཏང་ཨུའི་འབྲུ་རིགས་དང་འབྲེལ་པའི་གནད་དོན་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོས་གསུང་བཤད་གནང་བ་དང་ཁུལ་དཔོན་རྡོ་རྗེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་ཚོགས་འདུར་ཞུགས།

  •  ཉིན་དེར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཤོན་མདའ་བཞི་རྫོང་དུ་ཡུལ་གྲོང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་དང་སྨན་བཅོས་འགན་ལེན་ལམ་ལུགས་མ་ལག་འཛུགས་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས། ཁུལ་གཞོན་པ་ཚོ་ཅི་ཆང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཤིན་གྱིས་ཕེབས་རོགས་བྱས།

  •  ཟླ3ཚེས23ནས་ཚེས25ཉིན་བར། ཁུལ་དཔོན་རྡོ་རྗེ་མདོ་ལ་རྫོང་དང་འཇུ་ལག་རྫོང་གཉིས་སུ་དཔྱིད་རྨོ་གྲ་སྒྲིག་དང་། ནགས་ཚལ་དང་རྩྭ་ཐང་ལམ་ལུགས། གཙང་པོ་དང་མཚེའུ་དཔོན་ལམ་ལུགས། དེ་བཞིན་རིམས་ནད་འགོག་སྡོམ་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་བར་ཕེབས།

  •  ཟླ3ཚེས24ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁེ་མཚོ་བྱང་དུ་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ། འཁྱག་རོམ། བྱེ་ཐང་བཅས་གཞི་གཅིག་ཏུ་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཕེབས་རོགས་བྱས།

  •  ཟླ3ཚེས24ནས་ཚེས25ཉིན། “མདོ་ལ་རིང་མོའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཆད་ཁྲིད་ཆེ་མོའི”བྱེད་སྒོ་ནུབ་མཚོ་གྲོང་རྡལ་དུ་སྤེལ་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་གསུང་བཤད་གནང་།

  •  ཟླ3ཚེས24ཉིན། རྐང་ཚ་རྫོང་གི“མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་ཀྱི་འོད་ཤུགས་འཛུགས་སྐྲུནBIPVདཔེ་སྟོན་ལས་གཞི”ལས་མགོ་ཚུགས། ཞིང་ཆེན་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེང་ཧུང་དང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་། རྒྱལ་ཁབ་ནུས་ཁུངས་སྡེབ་ཚོགས་མཚོ་སྔོན་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཉེར་བ་ཧོ་ཧྲེན་བཅས་ལས་མགོ་འཛུགས་པའི་མཛད་སྒོར་ཞུགས།

  •  ཟླ3ཚེས27ཉིན། རྐང་ཚ་རྫོང་གི་ཚེ་ཐར་གཏེར་ཁུངས་ཀྱི་བདེ་འཇགས་རིགས་སྒྲུབ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཚོགས་འདུར་ཞུགས།

  •  ཟླ3ཚེས29ཉིན། 2021ལོའི་ཁུལ་གྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཡིས་གསུང་བཤད་གནང་བ་དང་ཁུལ་དཔོན་རྡོ་རྗེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་། དེ་བཞིན་ཁུལ་ཨུའི་རྒྱུན་ཨུ་ཝང་ཡུང་ཁྲང་དང་ཝང་ཀྲུང་དབྱི། མ་ཁྲེང་ཧྥང་བཅས་ཚོགས་འདུར་ཞུགས།

  •  ཉིན་དེར། ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་གཅིག་སྡུད་ཐོག་ལས་མགོ་ཚུགས་པ་དང་མདའ་བཞི་རྫོང་གི་ལྗང་མདོག(སྐྱེ་ལྡན)ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞིའི་ལས་གཞིའི་ལས་མགོ་ཚུགས་པའི་མཛད་སྒོ་མདའ་བཞི་རྫོང་དུ་འཚོགས་པ་དང་། འཇུ་ལག་དང་མདོ་ལ། རྐང་ཚ་བཅས་རྫོང་གསུམ་དུ་དུས་གཅིག་ཏུ་གཅིག་སྡུད་ཐོག་ལས་མགོ་འཛུགས་པའི་མཛད་སྒོ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ལས་མགོ་བསྐྱར་འཛུགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཁུལ་དཔོན་རྡོ་རྗེས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཁྲེན་ཏུང་ཁྲང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས་དང་། དེ་བཞིན་ཁུལ་ཨུའི་རྒྱུན་ཨུ་ཝང་ཡུང་ཁྲང་དང་སངས་འབུམ་བཅས་གྲོས་ཚོགས་སུ་ཞུགས་པ་དང་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མགོ་འཛིན་བྱས།

  •  ཟླ3ཚེས30ཉིན། ཁུལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ཡུལ་དམག་ལས་དོན་གྱི་ལས་འགན་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་གསུང་བཤད་གནང་།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།