མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0100-01-01 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-30 11:26:30
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0100-01-01 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ4བའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར།)

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ4བའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར།)

2022-12-30 11:26:30   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

རྩོམ་སྒྲིག སངས་དོན།


  • ཟླ4པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཚབ་མ་ཝུའུ་ཞོ་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ། ཧྲེང་ཀྲང་གཞོན་པ་ལིའུ་ཐོ་དང་ཚེ་རིང་ཐར་བཅས་རྐང་ཚ་རྫོང་དུ་རྟོག་ཞིབ་ཏུ་ཕེབས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ།  ཁུལ་དང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་བཅས་ཀྱིས་འགྲོ་རོགས་བྱས།

  • ཉིན་དེར། དྭངས་གསལ་དུས་ཚིགས་ཀྱི་སྔོན་གཤེགས་དཔའ་བོའི་དུར་མཆོད་བྱེད་སྒོ་མདའ་བཞི་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་ར་བ་ནས་སྤེལ། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཏུང་ཁྲང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས་སོགས་ཁུལ་རིམ་པའི་མགོ་ཁྲིད་དུར་མཆོད་བྱེད་སྒོར་ཞུགས།

  • ཉིན་དེར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས13པ་དང་རྒྱུན་ལས་ཚོགས་འདུ་ཐེངས13པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་དང་།  དབྱིན་མོ་ཝུན།  ལི་ཞང་ཏུང་།  ཚོ་ཅི་ཆང་།  ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་དམངས་ཆེན་ཀྱི་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་གཅིག་སྡུད་སྒྲུབ་གཉེར་ལྟ་སྐུལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་བྱ་བར་བཀོད་སྒྲིག་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བན་བཀྲ་ཤིས་དོན་གྲུབ་དང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲང་ལིན་གཉིས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་།

  • ཉིན་དེར། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱིAཅན5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ལས་དོན་གྱི་ངོ་འཕྲད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་ཚོགས་འདུར་ཞུགས།

  • ཟླ4ཚེས2ཉིན། ཁུལ་ཡོངས་ཀྱི་མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་དུས་མཚམས་ཀྱི་མཐུན་སྦྱོར་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཀྱི་མགོ་ཁྲིད་མ་ཁྲེང་ཧྥང་དང་། སུང་ཞུག་ཙུང་། སངས་འབུམ། དབྱིན་མོ་ཝུན།  ཚོ་ཅི་ཆང་།  ཧན་ཀྲུང་དབྱི།  ཁེ་ཞོ་ཆིང་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ4ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་རྐང་ཚ་དང་མདའ་བཞི་རུ་རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་།

  • ཟླ4ཚེས6ཉིན། ཁུལ་རྡུལ་ཕྲན་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་། ཁུལ་ཨུའི་རྒྱུན་ཨུ་ཀྲོ་ཆིང་ཕིང་། གཡུ་སྒྲོན་མཚོ།  ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། སངས་འབུམ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་། ལི་ཞང་ཏུང་། ཚོ་ཅི་ཆང་།  མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་རྒྱལ་ཁབ་ཀྱིAཅན5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ལས་དོན་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་གཡུ་སྒྲོན་མཚོ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས7ཉིན། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཏུང་ཁྲང་དང་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས།

  • ཟླ4ཚེས8ཉིན། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། སངས་འབུམ་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས11ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཝེ་ཏུང་རྐང་ཚ་རྫོང་དུ་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། མཚོ་ནུབ་ཁུལ་མུ་རི་རྡོ་སོལ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུ་ནས་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཕེབས་རོགས་གནང་།

  • ཟླ4ཚེས12ཉིན། ཁུལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། བཀོད་འདོམས་དཔོན་གཞོན་པ་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ4ཚེས13ཉིན། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ལིའུ་ཐོ་མདོ་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཕེབས་རོགས་གནང་།

  • ཟླ4ཚེས14ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་ཧུའུ་པིན་དང་བཅས་པ་མདའ་བཞི་རྫོང་དུ་ཕྱིན་ནས་གླ་ཆ་ཆད་འགྱངས་རྩ་བཅོས་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་དོ་དམ“མཐོར་འདེགས་ལོ”སོགས་ཀྱི་གཙོ་གནད་ལས་དོན་ལ་རྟོག་ཞིབ་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་དང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་ཕེབས་རོགས་གནང་།

  • ཉིན་དེར། ཁུལ་ཡོངས་ཀྱི་གཅིག་སྡུད་ལོགས་བཀར་ས་ཚིགས་ཚད་ལྡན་དོ་དམ་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པའམ་ཁུལ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་།

  • ཟླ4ཚེས15ཉིན། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ་ཐེངས་བཅུ་དྲུག་པ་དང་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་དང་རྒྱུན་ཨུ་རྣམས་ཚོགས་འདུར་ཞུགས། ཁུལ་དམངས་ཆེན་དང་། སྲིད་གཞུང་། སྲིད་གྲོས། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་གནང་།

  • ཉིན་དེར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས14པ་དང་རྒྱུན་ལས་ཚོགས་འདུ་ཐེངས14པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འོས་མི་ཨ་ཁྱུང་དང་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་།   ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས20ཉིན། ཁུལ་ཡོངས་ཀྱི2022ལོའི་རྒྱལ་ཁོངས་ལྗང་སྒྱུར་སྐུལ་སློང་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས2022ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ལས་འགན་བཀོད་སྒྲིག་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཏུང་ཁྲང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། རྫོང་བཞིའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

  • ཟླ4བའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཚབ་མ་ཝུའུ་ཞོ་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་མཚོ་བྱང་དུ་རྟོག་ཞིབ་གནང་བར་མ་ཟད། བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་པད་གོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁོངས་ཀྱི་འགན་འཁུར་བློ་མཐུན། ཁུལ་རིམ་པ་ཁག་གི་མགོ་ཁྲིད། རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁོངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས22ཉིན། ཁུལ་ཡོངས་ཀྱི་ཟོག་འགྲེམས་ཤར་གཏོང་ཐུབ་པའི་འགན་ལེན་ཐོན་ལས་སྦྲེལ་ཐག་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཁུལ་ཡོངས་ཀྱི་ཞོད་ཟོན་ཐན་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ4ཚེས24ཉིན། མཚོ་བྱང་ཁུལ་གྱིས2022ལོའི་སྲིད་གཞུང་དང་དངུལ་ཁང་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འོས་མི་ཨ་ཁྱུང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས། ཁུལ་དཔོན་གཞོན་པའམ་ཁུལ་ནོར་སྲིད་ཅུའི(དངུལ་རྩའི་གཞུང་ལས་ཁང)ཅུས་ཀྲང་ཚོ་ཅི་ཆང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ4པའི་ཚེས26ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས15པ་དང་རྒྱུན་ལས་ཚོགས་འདུ་ཐེངས15པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པའི་འོས་མི་ཨ་ཁྱུང་དང་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས27ཉིན། མཚོ་བྱང་ཁུལ་གྱི་རོགས་སྐྱོར་མཉམ་ལས་སྤེལ་རེས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་རོགས་སྐྱོར་མཉམ་ལས་སྤེལ་རེས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་པད་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་གྱི་མགོ་ཁྲིད་ཀྲོ་ཆིང་ཕིང་དང་ཝང་ཡུང་ཁྲང་། དབྱིན་མོ་ཝུན། ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས།

  • ཟླ4ཚེས29ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། རང་རེའི་ཁུལ་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་མཁན་གྱི་འཐུས་མིའི་འོས་མི་དང་གྲ་སྒྲིག་འོས་མིར་ཞིབ་འཇུག་དང་ཞིབ་བཤེར་གཏན་ཁེལ་བྱས་པ་མ་ཟད།    《ཀྲུང་གུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་འདུ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད(འཆར་ཟིན)》ལ་གྲོས་ཞིབ་བྱས། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་།  ཁུལ་ཨུ་སྐབས་བཅུ་གསུམ་པའི་ ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་ཚོགས་འདུར་ཞུགས།

  • ཟླ5ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་མཚོ་བྱང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཕེབས་རོགས་གནང་།

  • ཟླ5ཚེས9ཉིན། ཁུལ་ཡོངས་ཀྱི་པྲོག་གསར་གློ་ཚད་འགོག་སྡོམ་ཐག་གཅོད་བྱ་བའི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་རྡོ་རྗེ་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་དཔོན་གཞོན་པའམ་ཁུལ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་དབྱང་ཧེ་ལུང་དང་།  གཡུ་སྒྲོན་མཚོ།  ཨ་ཁྱུང་།  ལི་ཞང་ཏུང་བཅས་ཚོགས་འདུར་ཞུགས།

  • ཟླ5ཚེས12ཉིན། ཁུལ་ཡོངས་ཀྱི་ཟླ་དང་པོ་ནས་ཟླ་བཞི་བའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་ཁུལ་ཨུའི་གསང་སྡོམ་བརྙན་ལམ་ཚོགས་ཁང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་སུའུ་བདུན་ཅུ།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲེང་བཅས་ཚོགས་འདུར་ཟུར་ཞུགས་གནང་།

  • ཉིན་དེར། ཁུལ་ཡོངས་ཀྱི་རང་སྐྲུན་ཁང་པའི་བདེ་འཇགས་ཆེད་དོན་བཅོས་སྒྲིག་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཁུལ་ཨུའི་གསང་སྡོམ་བརྙན་ལམ་ཚོགས་ཁང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཚོགས་འདུར་ཟུར་ཞུགས་གནང་།

  • ཟླ5ཚེས13ཉིན། ཁུལ་སྨན་བཅོས་སྒྱུར་བཅོས་མགོ་ཁྲིད་ཚན་ཆུང་གི(རྒྱས་འཛོམས)ཚོགས་འདུ་དང་ཁུལ་ཡོངས་ཀྱི་ནད་གཞི་ཚབས་ཆེན་དང་ས་ཁུལ་གྱི་ནད་རིགས་འགོག་བཅོས་བྱ་བའི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཉིན་དེར། མཚོ་བྱང་གིས་ཟི་ལིང་ལ་རོགས་སྐྱོར་བྱེད་པའི་ཐེངས་གཉིས་པའི་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་ལམ་ལ་ཆས་མགོ་ཚུགས་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཡང་བསྐྱར་རིན་ཐང་སྒོར་ཁྲི100ལྷག་ཡིན་པའི་འོ་མ་དང་། སྐམས་ཤ ལུག་ཤ བཟའ་སྣུམ། སྦྲང་རྩིའི་ཐོན་རྫས་སོགས་རིམས་འགོག་དངོས་ཟོག་སྐྱེལ་ནས་ཟི་ལིང་ལ་རོགས་སྐྱོར་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།  ཁུལ་རིམ་པའི་མགོ་ཁྲིད་དང་ལས་བྱེད་པ་རྣམས་མཛད་སྒོར་ཞུགས།

  • ཟླ5ཚེས14ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། མཚོ་བྱང་ཁུལ་གྱི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་། ཚོགས་ཆེན་ལ་འཐུས་མི221ཞུགས་དགོས་པ་དང་དངོས་སུ་འཐུས་མི215ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་རིམ་པའི་མགོ་ཁྲིད་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱིས་མུ་རི་གཏེར་ཁུལ(སྤྱང་ཚང་གཏེར་དོང་དང་པོ)དང་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ཕྱོགས་དང་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི“སྲ་བརྟན་མཐོར་འདེགས་ལོའི”སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་དེ་བཞིན་ཁོངས་མིའི་ལས་ཁུངས་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

  • ཟླ5ཚེས16ཉིན། འཇུ་ལག་རྫོང་གི“1·08”རིམ་པ6.9ཅན་གྱི་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱ་བའི་བརྙན་ལམ་ཆེད་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཧྲེང་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་གི་འགན་འཁུར་བློ་མཐུན་དག་ཟི་ལིང་གི་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང་རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་རང་རེའི་ཁུལ་གྱི་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས།

  • ཟླ5ཚེས17ཉིན། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ“བྱ་སྤྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཞིང་ཕྱུགས་ལས་དོན་མགོ་ཁྲིད་ཚན་ཆུང་དང་། ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་། ཁུལ་གྲོང་གསེབ་དར་སྤེལ་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”བཀོད་འདོམས་པུའི་ཁོངས་གཏོག་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན། རྫོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་། རྫོང་ཨུའི་གྲོང་གསེབ་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཞུགས།

  • ཟླ5པའི་ཚེས18ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས་བཅུ་དྲུག་པ་དང་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་དྲུག་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན།  ལི་ཞང་ཏུང་།  ཚོ་ཅི་ཆང་།  མ་རུའུ་ཞང་།  ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ་ཐེངས19པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་པད་གོས་ཚོགས་འདུར་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་ཁུལ་ཨུའི་རྒྱུན་ཨུ་རྣམས་ཚོགས་འདུར་ཞུགས།

  • ཟླ5ཚེས19ཉིན། འཇུ་ལག་རྫོང་གི“1·08”རིམ་པ6.9ཅན་གྱི་ས་ཡོམ་བྱུང་རྗེས་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་མཛད་སྒོ་འཇུ་ལག་རྫོང་གི་རྒྱལ་མཁར་ཡུལ་ཚོ་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ།   ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་།   ལི་ཞང་ཏུང་།   ཚོ་ཅི་ཆང་།  ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཟླ5ཚེས23ནས་ཟླ5ཚེས27ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཨུ་ལྷན་གྱི་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གསུམ་པ་རང་རེའི་ཁུལ་དུ་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་བྱ་བར་དཔྱད་ཞིབ་སྐོར་ཞིབ་བྱེད་པར་ཕེབས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཀྱིས་ཕེབས་རོགས་གནང་།

  • ཟླ5ཚེས23ཉིན། ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ལས་དོན་བརྡ་ཁྱབ་བསྒྲགས་པ་དང་། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ5ཚེས24ཉིན། ཁུལ་ཡོངས་ཀྱི“འཁོར་སྐྱོད་འགན་ལེན་དང་། མ་འཇོག་རྒྱ་བསྐྱེད། འཕར་སྣོན་བརྟན་པོ”བཅས་ཀྱི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་།

  • ཟླ5ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། ཧ་ཝུན་ཞུག་བཅས་ཁུལ་གློག་འཕྲིན་སྤྱི་གཉེར་གྱི་བརྙན་ལམ་ཚོགས་ཁང་དུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་གཞོང་ཆེན་བརྟན་པོར་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

  • ཟླ5ཚེས27ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཁུལ་ཨུའི་བརྙན་ལམ་ཚོགས་ཁང་དུ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་ཚོགས་འདུར་ཞུགས།

  • ཉིན་དེར། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་ རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞི་ཐོག་མའི་གནས་རྙིང་སྲུང་སྐྱོང་དོ་དམ་སྲོལ་ཡིག》ཁྱབ་སྒྲོག་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཚོགས་འདུར་ཞུགས།

  • ཟླ5ཚེས28ནས29ཉིན་བར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

  • ཟླ5ཚེས30ཉིན། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དང་ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་གི2022ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་གཉིས་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཚན་གཙོ་གཞོན་པ་དབྱང་ཧེ་ལུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚན་གཙོ་གཞོན་པ་གཞན་དང་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་རྣམས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

  • ཟླ5ཚེས31ཉིན།   མཚོ་བྱང་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནུབ་མཚོ་གྲོང་རྡལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་མགོ་བརྩམས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ།  ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའེ་དབྱིན་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གནང་།  ཁུལ་གྱི་མགོ་ཁྲིད་དབྱང་ཧེ་ལུང་དང་། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། ཨ་ཁྱུང་། ལི་ཞུ་ཀྲེན། ཧ་ཝུན་ཞུག ཁྲང་ལིན་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས།

  • ཉིན་དེར། ཁུལ་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཙོ་སྐྱོང་མཛད་དེ་གསུང་བཤད་གནང་། ཚོགས་འདུས་ཁུལ་དམངས་ཆེན་དང་སྲིད་གྲོས་ཏང་ཙུའུ་འགན་འཁུར་བློ་མཐུན་དང་ཞིང་ཆེན་ཏང་གི་འཐུས་མི་ཁག་ཅིག  དེ་བཞིན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གདན་ཞུ་བྱས་ཏེ་ཚོགས་འདུར་ཟུར་ཞུགས་བྱས།

  • ཟླ6ཚེས1ཉིན། ཁུལ་ཨུའི་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་ཚོགས་འདུར་ཞུགས།

  • ཟླ6ཚེས1ནས2ཉིན་བར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདོ་ལ་རྫོང་དང་འཇུ་ལག་རྫོང་དུ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

  • ཟླ6ཚེས1ཉིན། ཁུལ་ཡོངས་ཀྱི་ཁྲལ་བསྡུ་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཆེད་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས།  ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཚོགས་འདུར་ཞུགས། 

  • ཟླ6ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མདའ་བཞི་རྫོང་གསེར་ཐང་དུ་ཕེབས་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། 

  • ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་ཡོངས་ཀྱི་གསེར་གྱི་གཏེར་ཁུངས་རྐུན་སློག་ཆེད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུར་ཞུགས།

  • ཟླ6ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མདའ་བཞི་རྫོང་དུ་ཕེབས་ནས་འཕར་སྣོན་བརྟན་པོ་དང་མཐོ་རྒྱུགས་གྲ་སྒྲིག བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

  • ཉིན་དེར། སྤྱང་ཚང་གཏེར་དོང་དང་པོ་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ས་ངོས་ཀྱི་འཛུགས་སྐྲུན་བཤིག་རྒྱུའི་ཐག་གཅོད་ཆེད་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་མ་རུའུ་ཞང་ཚོགས་འདུར་ཞུགས།

  • ཉིན་དེར། མཚོ་བྱང་ཁུལ་གྱིས་ཟི་ལིང་གི་རིམས་ནད་འགོག་སྡོམ་ལ་རོགས་སྐྱོར་བྱེད་པའི་ཉིང་སྐྱུར་དཔེ་འཚོལ་དཔུང་ཁག་ལ་བསུ་མ་བྱེད་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཚོགས་འདུར་ཞུགས།

  • ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་དང་མཚོ་བྱང་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧ་ཝུན་ཞུག་ཚོགས་འདུར་ཞུགས་ནས་གཏམ་བཤད་བྱས།

  • ཟླ6པའི་ཚེས7ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚང་འཛོམས་ཚོགས་འདུ་ཐེངས17པ་དང་རྒྱུན་ལས་ཚོགས་འདུ་ཐེངས17པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་གཞོན་པ་དང་དྲུང་ཡིག་ཆེན་མོ་རྣམས་ཚོགས་འདུར་ཞུགས།

  • ཟླ6ཚེས8ཉིན། ཞིང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུ་ཀྲང་ཝང་ཏ་ནན་མཚོ་བྱང་དུ་ཕེབས་ནས་ལས་དོན་ལ་རྟོག་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེས་ཕེབས་རོགས་བྱས།

  • ཉིན་དེར། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ཨུ་ཚོགས་འདུ་ཐེངས20འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ་རྣམས་ཚོགས་འདུར་ཞུགས།

  • ཉིན་དེར། མཚོ་སྔོན་ཞིང་ཆེན་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཧེ་བདག་རྡོ་སོལ་གཏེར་ཁ་བདེ་འཇགས་རང་བཞིན་གྱི་རིགས་སྒྲུབ་དང་ཐོན་སྐྱེད་བསྐྱར་གསོ་ཞིབ་བཤེར་རྩིས་ལེན་གྱི་ཆེད་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཞིང་ཆེན་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལ་ཕེབས་རོགས་བྱས་ཏེ། འཇུ་ལག་རྫོང་དུ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་འགན་ནུས་ལྡན་འབྲེལ་མཐུད་དང་གནད་དོན་དག་ཐེར་ལས་དོན་སྤེལ། 

  • ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་རྐང་ཚ་རྫོང་དུ“སྤྱི་ཁྱབ་ཧྲུའུ་ཅིའི་གཟིགས་ཞིབ་ལམ་བུར་ཕྱིན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས།

  • ཟླ6ཚེས9ཉིན། ཞིང་ཆེན་ཏང་ཨུས་ཧྲིན་ལས་མགྲོན་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་གསུང་བཤད་གལ་ཆེན་གནང་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲེང་ཆིང་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་ཁོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པའི་སྤྱོད་གཙང་སློབ་གསོའི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་མ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས། 

  • ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུང་ཙེ་ཧེ་དང་མཉམ་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོའི2022ལོའི་ཁུལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཚན་ཆུང་གི་ལས་དོན་ལ་སྐོར་གཟིགས་དང་ལྟ་སྐུལ་ བྱས་པ་མ་ཟད། མདའ་བཞི་རྫོང་གི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་བྱས།

  • ཟླ6ཚེས10ཉིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་ཞིང་ཆེན་ཡོངས་ཀྱི་བྱ་གཞག་སྡེ་ཚན་གྱི་མི་བསྡུ་རྒྱུགས་སྤྲོད་བཀོད་གཏོང་བརྙན་ལམ་ཚོགས་འདུར་ཞུགས་པ་དང་། ཚོགས་འདུ་གྲོལ་རྗེས་ཁུལ་ཡོངས་ཀྱི་བྱ་གཞག་སྡེ་ཚན་གྱི་མི་བསྡུ་རྒྱུགས་སྤྲོད་བཀོད་གཏོང་གི་བརྙན་ལམ་ཚོགས་འདུ་འཚོགས།

  • ཉིན་དེར།  ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མདོ་འཛིན་བྱས་ཏེ《མཚོ་བྱང་ཁུལ་ཀྱི་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཀྱི་ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཀྱི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་ཚོད་ལྟའི་ལས་དོན་ཇུས་གཞིའི》ཞིབ་བཤེར་ཚོགས་འདུ་འཚོགས།

  • ཟླ6ཚེས10ནས་ཟླ6ཚེས17ཉིན་བར།    ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དང་། པིན་ཀྲོའུ་གྲོང་ཁྱེར། ཅི་ནན་གྲོང་ཁྱེར་དང་དེ་བཞིན་ཁྲུང་ཆིང་གྲོང་ཁྱེར་བཅས་སུ་མཐོ་རྒྱུགས་གསར་པའི་རྣམ་པའི་འོག   རང་ཁུལ་གྱི་ཡུལ་གཞན་དུ་མཐོ་འབྲིང་འཛིན་གྲྭ་གཉེར་བའི་ལས་དོན་འབྲེལ་མཐུད་བྱས།

  • ཟླ6ཚེས13ཉིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་ཁུལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་དང་གླ་ཆ་འགྱངས་ཆད་རྩ་བཅོས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་།

  • ཟླ6ཚེས14ཉིན། ཁུལ་ཨུས་བརྙན་ལམ་ཐོག་ནས་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཉིན་དེར། མཚོ་བྱང་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་མགོ་ཚུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུ་ཀྲང་ཝང་ཀྲུང་དབྱིས་ཚོགས་འདུར་གཙོ་སྐྱོང་གནང་།  ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་རེས་སྐོར་དང་པོའི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུའི་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཞིང་ཆེན་དམངས་ཆེན་གྱི་རྟོག་ཞིབ་ཚོགས་པར་ཕེབས་རོགས་བྱས་ཏེ། འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ། དཔལ་འབྱོར་ལས་དོན་གྱི་ལྟ་སྐུལ་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས།

  • ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་ཝང་དབྱང་ལ་ཕེབས་རོགས་བྱས་ཏེ། སྤྱང་ཚང་གཏེར་དོང་དང་པོར་རྟོག་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་ཚོགས་འདུར་ཞུགས། 

  • ཟླ6ཚེས15ཉིན། ཁུལ་ཡོངས་ཀྱི་འབྲུ་རིགས་ལས་དོན་ཚོགས་འདུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་། ཁུལ་གྱི་མགོ་ཁྲིད་མ་ཁྲེང་ཧྥང་དང་། ཨ་ཁྱུང་། སུང་ཞུག་ཙུང་དང་ཞུས་ཡུང་ཀུང་། པོ་ཀྲེང་ཆིང་བཅས་ཚོགས་འདུར་ཞུགས་པ་དང་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་ཡིས་མཉམ་སྐྲུན་བྱས་པའི་མཚོ་བྱང་གིས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་གསར་འཛུགས་ལས་དོན་མགོ་ཚུགས་པའི་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་གྱི“མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གླིང་དུ་རྒྱལ་ཁའི་ངང་འཚོགས་པ་དང་། ཁུལ་གྱི་མགོ་ཁྲིད་རྡོ་རྗེ་དང་དབྱང་ཧེ་ལུང་། དཔལ་རྒྱལ་བཀྲ་ཤིས། མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀོ་ཅིན་ཡུས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་ཅུ་ཀྲང་གཞོན་པ་ཝང་ཨུན་ཀོང་། ཁུལ་ཨུའི་རྒྱུན་ཨུ་གཡུ་སྒྲོན་མཚོ་དང་མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། སུང་ཞུག་ཙུང། ཁུལ་དམངས་ཆེན་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཞུས་ཡུང་ཀུང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་མ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་ཧྲན་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་མགོ་ཁྲིད་ལ་འགྲོ་རོགས་བྱས་ཏེ། འཇུ་ལག་རྫོང་དུ་གཏན་ཁེལ་བྱས་པའི་རྒྱང་བསྟེན་སྨན་བཅོས་ཀྱི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

  • ཉིན་དེར། 2022ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཞིང་ཆེན་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུའི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཧེ་ལུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཞུགས་ཤིང་སྙན་སེང་ཞུས།

  • ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་གིས་འཇུ་ལག་རྫོང་སྤྱི་བདེ་ཅུ་རུ་གྱོད་གཞི་གལ་ཆེན་དབྱེ་ཞིབ་ཚོགས་འདུ་འཚོགས།

  • ཟླ6ཚེས16ཉིན། ཀྲུང་གོ་འབྲེལ་འཕྲིན་སྡེབ་ཚོགས་ཀྱི་མགོ་གཙོ་ལིའུ་ལེ་ཧུང་འཁོར་དང་བཅས་པ་མཚོ་བྱང་དུ་རྟོག་ཞིབ་གནང་བར་ཕེབས་ནས་མཚོ་བྱང་ཁུལ་གྱི“5Gརིག་ལྡན་གྲོང་ཁྱེར་དང་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་རྡལ”འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་མིང་འགོད་མཛད་སྒོ་དང་ཀྲུང་གོ་མཉམ་འབྲེལ་ཚོགས་པའི་གསར་བརྗེའི་རིག་གནས་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་བཅས་ཀྱིས་ཕེབས་རོགས་བྱས།

  • ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་མདོ་ལ་རུ་ཞིང་ཆེན་གྱིས་ཁུལ་ལ་དཔྱད་ཞིབ་བྱེད་པའི2021ལོའི་ཞིང་པ་ངལ་རྩོལ་པར་གླ་ཆ་སྤྲོད་པ་འགན་ལེན་བྱེད་པའི་ལས་དོན་སྙན་ཞུ་ཚོགས་འདུར་ཞུགས།

  • ཉིན་དེར། མཚོ་བྱང་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་ས་ཡོམ་ཆེན་པོའི་ཡུལ་ཁོངས་བརྒལ་བའི་ཕྱོགས་བསྡུས་དངོས་འཐབ་ཀྱི་གྲབས་སྦྱོང་བྱ་འགུལ་ནུབ་མཚོ་གྲོང་རྡལ་དུ་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཡུལ་དངོས་ཀྱི་གྲབས་སྦྱོང་ནང་ཞུགས།

  • ཉིན་དེར། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་སྒྲོག་བློ་འདྲིའི་ཉིན་མོའི་ཐེངས21པའི་རིག་རྩལ་འཁྲབ་སྟོན་དང“བདེ་འཇགས་ཐོན་སྐྱེད་ཟླ་བའི་མཚོ་ཐོག་ཏུ་བསྐྱོད་པའི”བྱེད་སྒོའི་མགོ་ཚུགས་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས།  ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཕེབས་པ་དང་ཤིས་ཚིག་ཕུལ།

  • ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་ཡིག་སྐུར་ངོ་བཅར་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དང་མཉམ་དུ་འཇུ་ལག་དང་མདོ་ལར་ལྟ་སྐུལ་མཛུབ་ཁྲིད་གནང་། ཉིན་དེར། མདོ་ལ་རྫོང་དུ་གྱོད་གཞི་འགན་གཙང་ལེན་གྱི་ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་ཐག་གཅོད་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

  • ཟླ6ཚེས17ཉིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་འཇུ་ལག་དུ་ཞིང་ཆེན་གྱིས་ཁུལ་ལ་ཞིབ་བཤེར་བྱེད་པའི2021ལོའི་ཞིང་པ་ངལ་རྩོལ་པའི་གླ་ཆ་སྤྲོད་པ་འགན་ལེན་ལས་དོན་ཚོགས་པར་འགྲོ་རོགས་བྱས་ཏེ། ཡུལ་དངོས་ནས་ཞིབ་བཤེར་རྩིས་ལེན་བྱས།

  • ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་འཇུ་ལག་རྗོང་དུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོ་ཧེ་ཁྲེང་ལ་ཕེབས་རོགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་གཞག་སྡེ་ཚན་གྱི་མི་བསྡུ་རྒྱུགས་ལེན་བྱ་བའི་འཇུ་ལག་རྒྱུགས་ཁུལ་གྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།

  • ཉིན་དེར། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུ་ཡི་ཅུ་ཀྲང་ཞའེ་པའོ་ཨེན་འཁོར་དང་བཅས་པ་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཕེབས་རོགས་བྱས།

  • ཟླ6ཚེས18ཉིན། “སྐྱེ་ཁམས་མཚོ་སྔོན་དང་ཞི་མཐུན་འཕེལ་རྒྱས”བརྗོད་དོན་ཡིན་པའི་མཚོ་སྔོན་པོའི་ཙོང་ཉ་སྐྱེ་འཕེལ་དང་ཉ་གཟིགས་དུས་ཆེན་སྐབས་བཅོ་ལྔ་པ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཙོང་ཉ་གཞིས་ཁྱིམ་མཛེས་ལྗོངས་ཁུལ་དུ་གཟབ་རྒྱས་ངང་མགོ་བརྩམས། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའམ་ཧྲེང་ཀྲང་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས་པ་དང་། མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ལི་ཆིང་ཁྲོན་གྱིས་ཤིས་ཚིག་ཕུལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་བསུ་མའི་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། དེ་བཞིན་རྫོང་བཞིའི་འགན་འཁུར་བློ་མཐུན་གཙོ་བོ་མགོ་རྩོམ་མཛད་སྒོར་ཞུགས།

  • ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་དོང་དང་པོར་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

  • ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་འཇུ་ལག་ཏུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོ་ཧེ་ཁྲེང་ལ་ཕེབས་རོགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་གཞག་སྡེ་ཚན་གྱི་མི་བསྡུ་རྒྱུགས་ལེན་བྱ་བའི་འཇུ་ལག་རྒྱུགས་ཁུལ་གྱི་གནས་ཚུལ་ལ་སྐོར་ཞིབ་བྱས།

  • ཟླ6ཚེས20ཉིན། ཁུལ་སྲིད་གཞུང་གི་ཐེངས18པའི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་རྡོ་རྗེ་ཡིས་གཙོ་སྐྱོང་བྱས། ཁུལ་དཔོན་གཞོན་པ་སོ་སོ་དང་དང་དྲུང་ཡིག་ཆེན་མོ་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཨུ་སྐབས་བཅུ་གསུམ་པའི་རྒྱུན་ཨུ་ཚོགས་འདུ་ཐེངས21པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཉིན་དེར། སྤྱང་ཚང་གཏེར་དོང་དང་པོའི་ས་ངོས་འཛུགས་སྐྲུན་དངོས་པོ་ཐག་གཅོད་ལས་དོན་མཐུན་སྦྱོར་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཀྲུང་ཨོ་སྤྱི་གཉེར་གྱི་ མགོ་གཙོ་ཧོ་ཐེན་པོ་བཅས་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཁུལ་ཐད་གཏོགས་སྡེ་ཁག་རྩ་འཛུགས་སྒོས་ནོར་སྲིད་གཏོང་སྒོ་བྱ་བའི་ཐུན་མོང་འབོད་གླེང་ཚོགས་འདུ་འཚོགས། ཁུལ་ཐད་གཏོགས་སྡེ་ཁག་གི་གཏོང་སྒོའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། ཁུལ་ཐད་གཏོགས་སྔོན་རྩིས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ལ་ཐུན་མོང་ཐོག་འབོད་གླེང་བྱས། 

  • ཉིན་དེར།  2022ལོའི་དམའ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས།  ཁུལ་དཔོན་གཞོན་པའམ་ཁུལ་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧ་ཝུན་ཞུག་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

  • ཟླ6ཚེས21ནས23ཉིན་བར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་དང་། མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ་བཅས་སུ་ཕེབས་ནས། 2022ལོའི་དམའ་རིམ་སློབ་འབྲིང་གི་སློབ་གཉེར་ཆུ་ཚད་རྒྱུགས་ལེན་ལས་དོན་ལ་སྐོར་གཟིགས་ལྟ་སྐུལ་བྱས། 

  • ཟླ6ཚེས22ཉིན། ཁུལ་ཡོངས་ཀྱི་ཞོད་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གཙོ་སྐྱོང་བྱས།

  • ཉིན་དེར། ནུབ་མཚོ་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུ་ཀྲང་གཡུ་སྒྲོན་མཚོ། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་ཚོགས་འདུར་ཞུགས།

  • ཉིན་དེར། ཁུལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་མ་དངུལ་རྣམ་གྲངས་ཀྱི་བཀོད་གཏོང་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

  • ཟླ6ཚེས22ནས24ཉིན་བར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་ཕྱིན་ནས་མཚོ་སྔོན(ཆིང་ཏའོ)ཟོང་འདུས་ཆེ་མོ་དང“མཚོ་བྱང(མཚོ་སྔོན)སྤུས་ལེགས་ཐོན་རྫས”ཧྲན་ཏུང་འགྲེམ་འཚོང་ཚོགས་འདུར་ཞུགས།

  • ཟླ6པའི་ཚེས24ཉིན། ཞིང་ཨུའི་རྒྱུན་ཨུའམ་ཧྲེང་ཀྲང་གཞོན་པ་ཚེ་རིང་ཐར་འཇུ་ལག་རྫོང་དུ་ཕེབས་ནས་ཆུ་ཐན་གནོད་འཚེ་འགོག་སྲུང་ལས་དོན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧོ་ཚན་དང་། ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཀྲང་ཧྲི་ཧྥེང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཕེབས་རོགས་བྱས།

  • ཟླ6ཚེས22ནས་ཚེས25ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གཉིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པའི་བྱ་འགུལ་ཞུགས།

  • ཟླ6ཚེས27ཉིན། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་སྲུང་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ཀྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས།

  • ཟླ6ཚེས27ནས28ཉིན་བར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་གིས་ཧྲན་ཏུང་ཞིང་ཆེན་སྒྲིག་ཨུའི་འབྲེལ་ཡོད་མགོ་ཁྲིད་དང་མཉམ་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་བྱས།

  • ཟླ6ཚེས29ཉིན། མཚོ་བྱང་ཁུལ་གྱི་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་སྤྱི་ཁང་བེད་སྤྱོད་དང་ཧྲན་ཏུང་གི་རོགས་སྐྱོར་ལས་བྱེད་པ་དོ་དམ་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་དུ་བསྡུས། མཚོ་སྔོན་ཞིང་ཨུའི་རྩ་འཛུགས་པུ་ཀྲང་གཞོན་པ་ཝུའུ་གོ་ཆང་དང་། མཚོ་སྔོན་ཞིང་ཆེན་འཕེལ་བཅོས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧོའེ་ལིན། ཁུལ་ཀྱི་མགོ་ཁྲིད་དབྱང་ཧེ་ལུང་དང་། ཁྲེན་ཏུང་ཁྲང་། དཔལ་རྒྱལ་བཀྲ་ཤིས། ཀྲོ་ཆིང་ཕིང་། ཝང་ཀྲུང་དབྱི། ཚོ་ཅི་ཆང་། མ་ཝུན་ཆང་བཅས་མཛད་སྒོར་ཞུགས།

  • ཉིན་དེར། མཚོ་སྔོན་འཇུ་ལག་གྱི“1•08”ཀྱི6.9རིམ་པའི་ས་ཡོམ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མགོ་རྩོམ་མཛད་སྒོ་འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་དུ་བསྡུས། ཧྲེན་ཀྲང་གཞོན་པ་ཁུང་ཡོན་གྱིས་གསུང་བཤད་གནང་། འཇུ་ལག་གི“1·08”ཀྱི6.9རིམ་པའི་ས་ཡོམ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་འཇུ་ལག་གི“1·08”ཀྱི6.9རིམ་པའི་ས་ཡོམ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་མགོ་གྲ་སྒྲིག་དང་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་།

  • ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་འཇུ་ལག་དུ་དཔལ་འབྱོར་བརྟན་པོ་དང་། གྲོང་གསེབ་དར་སྤེལ། བདེ་འཇགས་ཐོན་སྐྱེད་ལས་དོན་བཅས་ལ་རྟོག་ཞིབ་གནང་།

  • ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་དང་རྫོང་གི་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་སྣེ་ཁྲིད་དེ། ནུབ་མཚོ་རྡོ་སོལ་སྤྱི་གཉེར་ཧེ་བདག་གཏེར་ཁུལ་དུ་ཕྱིན་ནས་ཐོན་སྐྱེད་བསྐྱར་གསོ་བྱེད་པའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་། བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་བྱས།

  • ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུ་ཀྲང་ལི་ཞང་ཏུང་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ཨུའི་ཚོགས་འདུ་ཐེངས་བདུན་པར་ཞུགས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས།

  • ཟླ6ཚེས30ཉིན། “མཚོ་སྔོན་གྱི་ལོ་བཅུ”ཞེས་པའི་མཚོ་བྱང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་མཚོ་བྱང་ཁུལ་གི་ལོ་བཅུའི་རིང་གི་གསར་གཏོད་འཕོ་འགྱུར་དང་བླངས་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོ་ཡུས་ཧའོ་ཡིས་གཙོ་སྐྱོང་གནང་། 

  • ཉིན་དེར། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་གཞོན་པ་རྡོ་རྗེ་ཡིས་ཏང་ཡོན་རྒན་པ་དང་། དཀའ་ངལ་ཡོད་པའི་ཏང་ཡོན། འཐབ་ས་དང་པོའི་ཏང་ཡོན་སོགས་ལ“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ།

  • ཉིན་དེར། 2022ལོའི“མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར”དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གནས་སྐོར་མནའ་འབྲེལ་གྱི“མི་དང་རླངས་འཁོར་ཁྲི་ཕྲག་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོ་སྤེལ་མགོ་རྩོམ་མཛད་སྒོ་འཇུ་ལག་རྫོང་དུ་བསྡུས། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ལས་བྱེད་པ་སྐོར་ཁག་བཞི་པའི་རུ་དཔོན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲོ་ཆིང་ཕིང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞའོ་ཙུང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་དབྱིན་པང་། ཀྲུང་གོ་གནས་སྐོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཧྲན་ཏུང་ཞིང་ཆེན་གནས་སྐོར་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཏེ་ཀོང་སོགས་བྱེད་སྒོར་ཞུགས།

  • ཟླ6ཚེས30ཉིན། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མདོ་ལ་རྫོང་དུ་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྲུན་གྱི་དུས་མགོའི་ལས་དོན་ལ་རྟོག་ཞིབ་བྱས། དེ་རྗེས་མདོ་ལ་དང་རྟ་ཐང་གཞུང་ལམ་ཤར་གཏོང་བྱེད་པའི་མཛད་སྒོར་ཞུགས།

  • ཟླ6ཚེས30ཉིན། G0611བར་མདོ་ནས་འཇུ་ལག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁེ་ཐུར་ནས་རྒྱ་མདོ་བར་མཚམས་སུ་རླངས་འཁོར་ཤར་གཏོང་བྱས། འཇུ་ལག་ནས་ཟི་ལིང་བར་མྱུར་བགྲོད་གཞུང་ལམ་མངོན་འགྱུར་བྱུང་ནས་རླངས་འཁོར་གཏོང་བའི་དུས་ཚོད་དེ་སྔའི་དུས་ཚོད2.5ནས1.5རུ་ཉུང་དུ་ཕྱིན་ཡོད། 


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།