དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-15 16:56:02   |   346

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


红金色简约新闻早知道新闻资讯微信公众号封面.png

ཧི་ཞིན་ལང་།
གྲོགས་ཀྱི་གྱེས་ཕྱག
གཅིག་དགུ་ཉེར་གསུམ་ལོར།

ད་ནི་གྱེས་ཕྱག་ཕུལ་ཏེ་སོ་སོར་ཕྱིན། །
མ་བྲལ་སྔོན་ལ་ཕན་ཚུན་སྐྱོ་བས་གདུང་། །
སེམས་ཀྱི་གཏིང་ནས་མི་བཟོད་ཇི་ལྟར་བྱ། །
མིག་མཐར་འཁྱིལ་བའི་མཆི་མ་ཕྲེང་བའི་རྡོག །
མི་བཟོད་སྨིན་རྩེར་འཁྱིལ་ན་ཡིད་སེམས་སྨེང་། །
སྔོན་མའི་འཕྲིན་པར་གོ་ནོར་ཐེབས་ཡོད་ཤེས། །
མིག་ལ་རྒྱུ་བའི་ན་བུན་ལང་ལོང་དེ། །
སྐད་ཅིག་ཡལ་ངེས་འཇིག་རྟེན་འདི་ན་གྲོགས། །
ཁྱོད་མིན་ང་ལ་གཞན་ཞིག་ཡོད་མ་ཡིན། །
མི་ལ་གོ་འཛོལ་ལོས་ཡོད་གནམ་གྱིས་ཤེས། །

ཞོགས་པར་ཤར་སྒོའི་ལམ་ནི་བ་མོས་གཡོགས། །
རྫིང་བུའི་ཀླད་ན་ཉ་གང་མ་ཡིན་ཟླ། །
ཧ་ཅང་སྐྱོ་ཉམས་ངང་ནས་མཁའ་རུ་འཆར། །
དུང་བརྡ་བཏང་བས་གློ་མཆིན་གས་པར་བྱ། །
ད་ནས་རང་རང་ཁེར་མོ་ས་མཐར་འགྲིམ། །
དྲན་པས་གདུང་ཡང་གསར་བརྗེའི་དཔུང་དུ་ཞུགས། །
ཁུ་ནུ་རི་བོ་ཉིལ་བ་ལྟ་བུ་དང་། །
དྲག་རླུང་གཡུགས་ནས་གོ་ལ་ཕྱགས་པ་བཞིན། །
འཐབ་རྩོད་ཁྲོད་ནས་མཉམ་དུ་གཤོག་རུ་བརྐྱངས། །

སྙན་ཚིག་འདི་ཆེས་སྔ་མོར1978ལོའི་ཟླ9པའི་ཚེས9ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་བཀོད་ཡོད།

贺新郎
别友
一九二三年

挥手从兹去。
更那堪凄然相向,
苦情重诉。
眼角眉梢都似恨,
热泪欲零还住。
知误会前番书语。
过眼滔滔云共雾,
算人间知己吾和汝。
人有病,
天知否?

今朝霜重东门路,
照横塘半天残月,
凄清如许。
汽笛一声肠已断,
从此天涯孤旅。

凭割断愁丝恨缕。
要似昆仑崩绝壁,
又恰像台风扫寰宇。
重比翼,
和云翥。

这首词最早发表在一九七八年九月九日《人民日报》。


མཉམ་སྤྱོད།