དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-22 08:33:24   |   416

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


555555.png

ཚེ་སང་ཙི།
དགུ་པའི་ཚེས་དགུ།
གཅིག་དགུ་ཉེར་དགུ་ལོའི་ཟླ་བཅུ་པར།

མི་ཚེ་ཐུང་ཐུང་ཅི་འདྲའི་རྒས་སླ་ཨང་། །
གནམ་རྒན་མ་འདི་གཞར་ཡང་མི་རྒས་པར། །
དགུ་པའི་ཚེས་དགུ་ལོ་རེར་དུས་ལྟར་ཐོན། །
ད་ལོར་སྔར་བཞིན་དགུ་གཉིས་དེ་བཞིན་བསླེབས། །
གཡུལ་སར་ལུག་མིག་མེ་ཏོག་དྲི་བསུང་ཁྱབ། །

ལོ་རེར་སྟོན་རླུང་ཤུགས་ཀྱིས་ལྡང་ནས་ཡོང་། །
དེ་ནི་དཔྱིད་ཀྱི་དཔལ་མོ་མ་ཡིན་ཡང་། །
འདོད་པའི་དུས་ཀྱི་དཔལ་ལས་ལྷག་ཏུ་བཀྲག །
བརྗིད་ཆགས་དིང་ཅང་གཙང་བོའི་ཡང་སྟེང་ན། །
སྟོན་གྱི་བ་མོས་ལེ་བར་ཁྲི་ཕྲག་གཡོགས། །

སྙན་ཚིག་འདི་ཆེས་སྔ་མོར《མི་དམངས་རྩོམ་རིག》1962ལོའི་ཟླ་ལྔ་པའི་དེབ་སྟེང་བཀོད་ཡོད།

采桑子
重阳
一九二九年十月

人生易老天难老,
岁岁重阳。
今又重阳,
战地黄花分外香。

一年一度秋风劲,
不似春光。
胜似春光,
寥廓江天万里霜。

这首词最早发表在《人民文学》一九六二年五月号。


མཉམ་སྤྱོད།