དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-26 09:40:24   |   488

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


555555.png

ཅན་ཙི་མུ་ལན་ཧྭ།
ཀོང་ཁྲང་ལམ་དུ།
གཅིག་དགུ་སུམ་ཅུ་ལོའི་ཟླ་གཉིས་པར།

གནམ་ས་རབ་དཀར་ཁ་བས་ཡོངས་སུ་གཡོགས། །
གངས་ཁྲོད་དམག་སྐྱོད་དམག་དོན་ལྷག་ཏུ་བྲེལ། །
མགོ་བོའི་སྟེང་ན་བརྗིད་ཆགས་རི་བོ་མཚར། །
དམག་དར་རླུང་གིས་སྐྱོད་བཞིན་འགག་སྒོ་བརྒལ། །

ད་ཐེངས་གང་དུ་འགྲོ་བ་ཡིན་ཞེ་ན། །
ཀན་ཅང་ཆུ་བོ་གངས་རྡུལ་འཁྲིགས་ནས་འཐིབས། །
ཁ་སང་དམག་བཀའ་བབས་ཤིང་བཟོ་ཞིང་དམག །
དཔུང་ཚོགས་ཁྲི་བཅུ་ཅི་ཨན་ཕྱོགས་སུ་ཆས། །

སྙན་ཚིག་འདི་ཆེས་སྔ་མོར《མི་དམངས་རྩོམ་རིག》1962ལོའི་ཟླ་ལྔ་པའི་དེབ་སྟེང་བཀོད་ཡོད།

减字木兰花
广昌路上
一九三〇年二月

漫天皆白,
雪里行军情更迫。
头上高山,
风卷红旗过大关。

此行何去?
赣江风雪迷漫处。
命令昨颁,
十万工农下吉安。

这首词最早发表在《人民文学》一九六二年五月号。


མཉམ་སྤྱོད།