དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-27 08:52:17   |   401

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


555555.png

ཏེ་ལེན་ཧྭ།
ཐིང་ཀྲིག་ནས་ཁྲང་ཧྲར་ཆས་པ།
གཅིག་དགུ་སུམ་ཅུ་ལོའི་ཟླ་བདུན་པར།

དབྱར་ཟླ་དྲུག་པར་དམར་དམག་གིས་ནི་ངན་རུལ་བཅོམ། །
ཐག་རིང་ཞགས་པས་ངན་པ་དགུ་ཚང་དམ་དུ་བཏགས། །
ཀན་ཧྲོས་ཆུ་བོའི་ཕ་རོལ་དེ་ཡི་ཟུར་གཅིག་དམར། །
ཁྲི་ཤོག་ཕལ་མས་ཧྭོང་ཀུང་ལོས་ཀྱི་ཇུས་ལ་བརྟེན། །

བཟོ་ཞིང་དམར་དམག་ཁྲི་སྟོང་མང་པོ་གཡུལ་ལ་ཞུགས། །
ཅང་ཞི་བླངས་རྗེས་ཧུའུ་ནན་ཧུའུ་པེ་ཐད་ཀར་འཕྲོགས། །
རྒྱལ་སྤྱིའི་གླུ་ཡི་སྐྱོ་བའི་གདངས་དབྱངས་གཅིག་གིས་ནི། །
གསར་བརྗེའི་དྲག་ཆར་ཆེད་དུ་དགུང་སྔོན་དབྱིངས་ནས་བབས། །

སྙན་ཚིག་འདི་ཆེས་སྔ་མོར《མི་དམངས་རྩོམ་རིག》1962ལོའི་ཟླ་ལྔ་པའི་དེབ་སྟེང་བཀོད་ཡོད།

蝶恋花
从汀州向长沙
一九三〇年七月

六月天兵征腐恶,
万丈长缨要把鲲鹏缚。
赣水那边红一角,
偏师借重黄公略。

百万工农齐踊跃,
席卷江西直捣湘和鄂。
国际悲歌歌一曲,
狂飙为我从天落。

这首词最早发表在《人民文学》一九六二年五月号。


མཉམ་སྤྱོད།