དེ་རིང་ནི2025ལོའི་ཟླ05པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་བུའི་བསླབ་བྱ།--འོང་ན་སྲི་ཞུ་བྱ།

2025-03-07 10:48:15   |   647

སྒྱུར་མཁན། མགོ་ལོག་རྣམ་རྒྱལ། ཡོང་ཁུངས། སློབ་བུའི་བསླབ་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


入则孝
འོང་ན་སྲི་ཞུ་བྱ།

父母呼,应勿缓。
ཕ་མས་བོད་པ་ན། ། ལན་ལ་མ་འགྱངས་ཤིག །

父母命,行勿懒。
ཕ་མའི་བཀའ་གསུང་རྣམས། ། སྒྲུབ་པའི་སྒྱིད་ལུག་དོར། ། 

父母教,须敬听。
ཕ་མའི་བསླབ་བྱ་ལ། ། གུས་པས་ཉན་པར་གྱིས། ། 

父母责,须顺承。
ཕ་མའི་བཀའ་གྱོན་ལ། ། ཚུལ་དང་མཐུན་པར་ཁུར། །

冬则温,夏则凊。
དགུན་དུས་དྲོ་བ་དང་། ། དབྱར་ཁ་བསིལ་བར་བྱ། །

晨则省,昏则定。
ཞོགས་དུས་བསྙུན་འདྲི་དང་། ། སྲོད་ལ་སེམས་བདེ་བྱ། །

出必告,反必面。
འགྲོ་དུས་དགོངས་པ་ཞུ། ། ལོག་ཚེ་མདུན་དུ་བཅར། །

居有常,业无变。 
སྡོད་དུས་གཏན་འཇགས་དང་། ། ལས་ཀ་འགྱུར་མི་བྱ། །

事虽小,勿擅为。
དོན་དག་ཆུང་ནའང་། ། རང་ཐག་གཅོད་མི་རུང་། །

苟擅为,子道亏。
རང་ཐག་བཅད་པ་ན། ། བུ་རྒྱུད་ལུགས་དང་འགལ། །

物虽小,勿私藏。
དངོས་པོ་ཆུང་ནའང་། ། རང་གིས་སྦ་མི་བྱ། །

苟私藏,亲心伤。
རང་གིས་སྦས་པ་ན། ། ཕ་མའི་སེམས་པ་བསྲེགས། །

亲所好,力为具。
ཕ་མ་དགའ་བ་རྣམས། ། ཤུགས་ཀྱིས་སྟ་གོན་བྱ། །

亲所恶,谨为去。
ཕ་མ་མི་དགའ་རྣམས། ། གཟབ་སྟེ་དོར་བར་བྱ། །

身有伤,贻亲忧。
ཕུང་པོར་རྨས་བྱུང་ཚེ། ། ཕ་མར་སེམས་ཁྲལ་བཞག །

德有伤,贻亲羞。
སྤྱོད་པར་སྐྱོན་བྱུང་ཚེ། ། གཉེན་རྣམས་ངོ་ཚར་སྦྱར། །

亲爱我,孝何难。
བདག་ལ་གཉེན་དགའ་ན། ། སྲི་ཞུར་ཅི་བྱར་དཀའ། །

亲憎我,孝方贤。
བདག་ལ་གཉེན་སྡང་ན། ། སྲི་ཞུ་ཐུབ་ན་རབ། །

亲有过,谏使更。
ཕ་མ་འཆུགས་གྱུར་ན། ། ཚིག་གིས་ཤད་སྦྱང་བྱ། །

怡吾色,柔吾声。
དགའ་བའི་མདངས་དང་བཅས། ། སྙན་པའི་ཚིག་གིས་བྱ། །

谏不入,悦复谏。
ཤད་ཀྱིས་མ་སྦྱོངས་ན། ། སྤྲོ་བཅས་སླར་ཡང་ངོ་། །

号泣随,挞无怨。 
ངུད་མོའི་གདངས་དང་བཅས། ། རྡུང་ཡང་འཁང་བ་མིན། །

亲有疾,药先尝。
ཕ་མར་བསྙུན་ཕོག་ན། ། སྨན་སྐལ་ཐོག་མར་མྱང་། །

昼夜侍,不离床。
ཉིན་མཚན་རྟག་ཏུའང་། ། མལ་ཁྲིའི་མདུན་ནས་སྲུང་། །

丧三年,常悲咽。
འདས་ནས་ལོ་གསུམ་རིང་། ། སྲུང་ཞིང་རྒྱུན་དུ་ངུ་། །

居处变,酒肉绝。
སྡོད་གནས་གཞན་དུ་སྤོ། ། ཤ་ཆང་བཅད་པར་བྱ། །

丧尽礼,祭尽诚。
མྱ་ངན་གུས་ལུགས་བཞིན། ། མཆོད་པ་ཟོལ་མེད་བྱ། །

事死者,如事生。
འདས་ཀྱང་གསོན་པོ་བཞིན། ། ཡང་དག་བསྙེན་བཀུར་བྱ། །


མཉམ་སྤྱོད།