དེ་རིང་ནི2025ལོའི་ཟླ05པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་བུའི་བསླབ་བྱ།--འགྲོ་ན་བསྙེན་བཀུར་བྱ།

2025-03-10 15:33:20   |   648

སྒྱུར་མཁན། མགོ་ལོག་རྣམ་རྒྱལ། ཡོང་ཁུངས། སློབ་བུའི་བསླབ་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


出则弟
འགྲོ་ན་བསྙེན་བཀུར་བྱ།


兄道友,弟道恭。
ཕུ་ནུ་ཕན་ཚུན་བར། ། བྱམས་དང་བཀུར་བར་བྱ། །

兄弟睦,孝在中。
སྤུན་ཟླ་མཐུན་གྱུར་ན། ། སྲི་ཞུའང་རང་བཞིན་གནས། །

财物轻,怨何生。
ནོར་ལ་མི་བལྟ་ན། ། འཁོན་པ་ཅི་ལ་སྐྱེ། །

言语忍,忿自泯。
ཚིག་ལ་བཟོད་གྱུར་ན། ། ཁྲོ་བ་གང་ལས་འབྱུང་། །

或饮食,或坐走。
བཟའ་འམ་བཏུང་བ་དང་། ། སྡོད་དམ་འགྲོ་ནའང་། །

长者先,幼者后。
རྒན་རྣམས་སྔོན་མ་དང་། ། གཞོན་རྣམས་རྗེས་སུའོ། །

长呼人,即代叫。
རྒན་པས་མི་བོད་ཚེ། ། རང་གིས་འཚབ་ནས་འབོད། །

人不在,己即到。
འབོད་ས་མེད་གྱུར་ན། ། རང་ཉིད་མྱུར་དུ་སླེབས། །

称尊长,勿呼名。
བགྲེས་པོར་འབོད་པ་ན། ། མིང་ནས་ཐད་ཀར་མིན། །

对尊长,勿见能。
རྒན་གྱི་མདུན་ས་རུ། ། རང་ནུས་བསྒྲགས་པ་མིན། །

路遇长,疾趋揖。
རྒན་ལ་འཕྲད་པ་ན། ། མྱུར་དུ་མཇལ་ཕྱག་འཚལ། །

长无言,退恭立。
རྒན་གྱིས་མི་སྨྲ་ན། ། ནུར་ནས་དྲང་མོར་ལངས། །

骑下马,乘下车。
རྟ་ལས་བབ་གྱུར་ལ། ། ཤིང་རྟ་ལས་ཀྱང་བབ། །

过犹待,百步余。
གོམ་པ་བརྒྱ་ལྷག་ལ། ། འགྲོ་བར་སྒུག་པར་བྱ། །

长者立,幼勿坐。
བགྲེས་པོ་ལངས་གྱུར་ན། ། བྱིས་རྣམས་སྡོད་པ་མིན། །

长者坐,命乃坐。
བགྲོས་པོ་འདུག་གྱུར་ན། ། གནང་ན་ད་གཟོད་འདུག །

尊长前,声要低。
བགྲོས་པོའི་མདུན་ས་རུ། ། སྐད་གདངས་དམའ་བར་སྨྲ། །

低不闻,却非宜。
དམའ་ནས་མི་གོ་ཚེ། ། འོས་འཚམ་མིན་པའི་རྟགས། །

进必趋,退必迟。
ནང་དུ་མྱུར་མོར་འོང་། ། ཕྱི་ལ་དལ་མོར་འགྲོ། །

问起对,视勿移。
དྲིས་ཚེ་ལངས་ཏེ་ལན། ། གཡས་གཡོན་བལྟ་བ་མིན། །

事诸父,如事父。
ཁུ་བོ་རྒན་རབས་ལ། ། ཕ་བཞིན་གཡོག་ལས་བྱ། །

事诸兄,如事兄。
སྤུན་རྣམས་ཕུ་བོ་བཞིན། ། བརྩེ་བཞིན་དོན་བྱ་བསྒྲུབ། །


མཉམ་སྤྱོད།