དེ་རིང་ནི2025ལོའི་ཟླ05པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་བུའི་བསླབ་བྱ།--གཟབ་པ།

2025-03-11 17:37:09   |   620

སྒྱུར་མཁན། མགོ་ལོག་རྣམ་རྒྱལ། ཡོང་ཁུངས། སློབ་བུའི་བསླབ་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།



གཟབ་པ།


朝起早,夜眠迟。
ཞོགས་པར་སྔ་ལངས་དང་། ། སྲོད་ལ་ཉལ་འཕྱི་བྱ། །

老易至,惜此时。
རྒན་པོར་གྱུར་སླ་བས། ། དུས་ཚོད་གཅེས་པར་ཟུངས། །

晨必盥,兼漱口。
སྔ་དུས་ལངས་རྗེས་སུ། ། གདོང་དང་སོའང་འཁྲུད། །

便溺回,辄净手。
གཙང་སྤྱོད་ལ་སོང་རྗེས། ། མྱུར་དུ་ལག་པ་བཀྲུ། །

冠必正,纽必结。
ཞྭ་མོ་དྲང་མོར་གྱོན། ། ལྭ་བའི་སྒྲོག་གུ་སྒྲོག །

袜与履,俱紧切。
རྐང་འབོབ་ལྷམ་གྱོན་ན། ། ལྷམ་སྒྲོག་དམ་པོར་བསྡམས། །

置冠服,有定位。
ཞྭ་གོས་ཕུད་པའི་ཚེ། ། འཇོག་ས་གཏན་འཇགས་བྱ། །

勿乱顿,致污秽。
འཇོག་ས་འཁྲུག་གྱུར་ན། ། གོས་དག་བཙོག་པར་འགྱུར། །

衣贵洁,不贵华。
གྱོན་པ་གཙང་བ་ལས། ། རྩ་ཆེན་མིན་ཡང་རུང་། །

上循分,下称家。
རང་གི་ལུས་དང་ནི། ། ཁྱིམ་གྱི་འབྱོར་བར་བསྟུན། །

对饮食,勿拣择。
བཟའ་དང་བཏུང་བ་ལ། ། བསལ་རིག་མི་བྱ་ཞིང་། །

食适可,勿过则。
ཟས་ཀྱི་ཟ་ཚོད་ལས། ། འདའ་བར་མི་བྱའོ། །

年方少,勿饮酒。
ལོ་ན་གཞོན་པའི་དུས། ། ཆང་ལ་སྤྱོད་མི་བྱ། །

饮酒醉,最为丑。
ཆང་གིས་མྱོས་གྱུར་ཚེ། ། ཁྲེལ་མེད་སྣ་ཚོགས་སྟོན། །

步从容,立端正。
བབ་བརླིང་གོམ་པ་སྤོ། ། ཀྲེང་ངེར་ཡར་དུ་ལངས། །

揖深圆,拜恭敬。
སྒུར་ཕྱག་ཟླུམ་པོར་འཚལ། ། དད་ཕྱག་སྙིང་ནས་འཚལ། །

勿践阈,勿跛倚。
སྒོ་གདན་མི་རྫི་ལ། ། ལངས་ཚེ་ཁེན་པ་མིན། །

勿箕踞,勿摇髀。
འདུག་ཚེ་པུས་མོ་གཤིབ། ། རྐང་མགོ་སྤྲིག་པ་མིན།

缓揭帘,勿有声。
ཡོལ་བ་དལ་མོར་འཐེན། ། སྒྲའང་མེད་པར་བྱ། །
宽转弯,勿触棱。
སྐྱོག་མཚམས་རན་པ་ལས། ། ཟུར་ལ་ཐུག་པ་མིན། །

执虚器,如执盈。
 སྣོད་སྟོང་བཟུང་བ་ན། ། ཁ་བཀང་བཟུང་བ་བཞིན། །

入虚室,如有人。
ཁང་སྟོང་ནང་དུ་མི། ། ཡོད་བཞིན་འཛུལ་བར་བྱ། །

事勿忙,忙多错。
བྲེལ་སྒྲུབ་དོན་བྱ་ལ། ། བྲེལ་དྲག་ནོར་འཆུགས་མང་། །

勿畏难,勿轻略。
དཀའ་བར་མི་འཇིགས་ལ། ། མཐོང་ཆུང་བྱ་མི་རུང་། །

斗闹场,绝勿近。
འཛིང་སྣོག་དོ་ར་རུ། ། གཏན་ནས་ཅར་མི་རུང་། །

邪僻事,绝勿问。
ཚུལ་མིན་ལུགས་འཆལ་གྱི། ། དོན་ནི་འདྲི་མི་བྱ། །

将入门,问孰存。
སྒོ་ནས་འཛུལ་སྐབས་སུ། ། ནང་དུ་སུ་ཡོད་འདྲི། །

将上堂,声必扬。
མགྲོན་གྱི་ཚོམས་ཁང་དུ། ། སྐད་གསེང་མཐོ་བར་བྱ། །

人问谁,对以名。
སུ་ཞེས་འདྲི་བ་ན། ། རང་གི་མིང་ནས་བརྗོད། །

吾与我,不分明。
ང་དང་བདག་གོ་ཞེས། ། སྨྲས་ན་གསལ་མི་ནུས། །

用人物,须明求。
གཞན་གྱི་དངོས་རྫས་རྣམས། ། བཀོལ་ཚེ་མངོན་གྱིས་ཞུ། །

倘不问,即为偷。
མ་ཞུས་པར་སྤྱད་ཚེ། ། དེ་ནི་རྐུས་པར་འགྱུར། །

借人物,及时还。
གཡར་བའི་དངོས་རྫས་རྣམས། ། བཀོལ་རྗེས་སྤྲོད་པར་བྱ། །

后有急,借不难。
རྗེས་སུ་གཡར་དགོས་ཀྱང་། ། དཀའ་བར་ག་ལ་འགྱུར། །


མཉམ་སྤྱོད།