དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས།

2025-05-21 09:51:44   |   223

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


 ཡན་ཡོན།

ཁུང་ཙི་ན་རེ། རང་གཅུན་ལུགས་སྐྱོང་ནི་བྱམས་པའོ།། རང་གཅུན་ལུགས་སྐྱོང་བྱེད་ཐུབ་ན་གནམ་འོག་གི་མི་ཐམས་ཅད་ཀྱིས་དེ་ལ་བྱམས་ལྡན་ཞེས་བསྔག་གོ།

ཁུང་ཙི་ན་རེ། ལུགས་དང་མི་མཐུན་པར་མི་བལྟ། ལུགས་དང་མི་མཐུན་པ་མི་ཉན། ལུགས་དང་མི་མཐུན་པ་མི་བཤད། ལུགས་དང་མི་མཐུན་པ་མི་བསྒྲུབ་བོ།།

子曰:“克己复礼为仁。一日克己复礼,天下归仁焉。”

子曰:“非礼勿视,非礼勿听,非礼勿言,非礼勿动。”

སི་མ་ཉིའུ་ཡིས་སེམས་སྐྱོ་སྐྱོ་ངང་ནས་མི་ཚང་མར་སྤུན་ཟླ་ཡོད་ཀྱི་ཁོ་བོ་གཅིག་པུ་ལ་མེད་ཞེས་བརྗོད་པ་ལ། ཙི་ཞ་ན་རེ། ཁོ་བོས་གཏམ་འདི་འདྲ་ཐོས་མྱོང་སྟེ། ཤི་གསོན་ལས་ལ་ཐུག འབྱོར་ཕྱུག་གནམ་ལ་རག་ཅེས་སོ།། དམ་པས་དོན་ལ་གཟབ་ནས་ནོར་འཆུག་མི་འབྱུང་བ་དང་མི་ལ་བཀུར་ཞིང་གུས་ལུགས་དང་ལྡན་ན། གནམ་འོག་གི་མི་ཚང་མ་རང་གི་སྤུན་ཟླ་ཡིན་པས། ཁྱོད་ཀྱིས་སྤུན་ཟླ་མེད་པར་སྐྱོ་བ་ཅི་ལ་བྱེད་དོ།།

司马牛忧曰:“人皆有兄弟,我独亡。”子夏曰:“商闻之矣:死生有命,富贵在天。君子敬而无失,与人恭而有礼,四海之内皆兄弟也。君子何患乎无兄弟也?”

གནའ་ནས་ད་བར་དུ་མི་ཡིན་ཚད་སྐྱེས་མཐར་འཆི་དགོས། འོན་ཀྱང་འབངས་ཀྱི་ཡིད་ཆེས་མེད་ན་རྒྱལ་ཁབ་གནས་མི་ཐུབ་བོ།།

自古皆有死,民无信不立。



མཉམ་སྤྱོད།