དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་ལིའང་ཧུའེ་ཝང་གི་ལེའུ་སྟོད་ཆ།

2025-07-17 16:29:47   |   283

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


老吾老,以及人之老;幼吾幼,以及人之幼;天下可运于掌。

རང་གི་རྒན་གྲས་ལ་གུས་བཀུར་བྱེད་པ་བཞིན་གཞན་གྱི་རྒན་གྲས་ལ་གུས་བཀུར་བྱེད་པ་དང་། རང་གི་བུ་རྒྱུད་ལ་གཅེས་སྐྱོང་བྱེད་པ་བཞིན་གཞན་གྱི་བུ་རྒྱུད་ལའང་གཅེས་སྐྱོང་བྱེད་པའོ།། དེ་ལྟར་བྱས་ཏེ་གནམ་འོག་སྐྱོང་བ་ནི་ལག་མཐིལ་དུ་དངོས་པོ་སྐོར་བ་བཞིན་ནོ།།

权,然后知轻重;度,然后知长短,物皆然,心为甚。王请度之。

ཚད་ན་ལྕི་ཡང་ཤེས་ལ་འཇལ་ན་ད་གཟོད་རིང་ཐུང་ཤེས་ཐུབ་བོ།། དངོས་པོ་ཡོད་དོ་ཅོག་དེ་ལྟར་རེད་ལ་མི་སེམས་ལྷག་པར་དེ་ལྟར་ལགས་སོ།།

明君制民之产,必使仰足以事父母,俯足以畜妻子;乐岁终身饱,凶年免于死亡。然后驱而之善,故民之从之也轻。

མཁས་མཛངས་ལྡན་པའི་རྒྱལ་པོས་མི་སེར་གྱི་གཏན་འཇགས་ཀྱི་ཐོན་ལས་འཆར་བཀོད་བྱེད་པའི་སྐབས་སུ་དེ་དག་གིས་ངེས་པར་དུ་ཡར་ཕ་མར་སྲི་ཞུ་དང་མར་ཆུང་མ་དང་བུ་རྒྱུད་གསོ་ཐུབ་པ། ལོ་ལེགས་བྱུང་དུས་ཉིན་བཞིན་ལྟོ་བ་འགྲང་བ་དང་ལོ་ངན་དུས་སུའང་ལྟོགས་གྲིར་མི་ཤི་བའོ།། དེ་ལྟར་བྱུང་རྗེས་ད་གཟོད་ཁོ་ཚོར་བྱམས་ལྡན་གྱི་ལམ་དུ་འགྲོ་བར་སྐུལ་འདེད་བྱས་ཚེ་མི་སེར་རྣམས་ཁ་ཉན་པར་ཇེ་སླར་གྱུར་ཏོ།།


མཉམ་སྤྱོད།