དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབུས་འཛིན་གྱི་གཞུང་ལས་ལེའུ་ཉི་ཤུ་པ། སྲིད་དོན་འདྲི་བ།

2025-08-18 09:49:06   |   32

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《中庸·第二十章》

好学近乎知,力行近乎仁,知耻近乎勇。知斯三者,则知所以修身;知所以修身,则知所以治人;知所以治人,则知所以治天下国家矣。

སློབ་སྦྱོང་ལ་དགའ་ན་ཤེས་རབ་དང་ཐག་ཉེ་ལ། ཧུར་བརྩོན་སྒོས་དོན་བཟང་བོ་བསྒྲུབ་ན་བྱམས་པ་དང་ཐག་ཉེ་བ་དང་། ངོ་ཚ་ཤེས་པ་ནི་རྟུལ་ཕོད་དང་ཐག་ཉེ་བའོ།། དོན་དེ་གསུམ་རྟོགས་པ་ཡིས་སྤྱོད་ལམ་ཚུལ་ལྡན་ཤེས་ལ། སྤྱོད་ལམ་ཚུལ་ལྡན་ཤེས་པ་ཡིས་འབངས་སྐྱོང་ཤེས་པ་དང་། འབངས་སྐྱོང་ཤེས་ན་གནམ་འོག་གི་རྒྱལ་ཁབ་ཀྱང་སྐྱོང་ཤེས་སོ།།

凡事豫预则立,不豫预则废。

སྤྱིར་གྲ་སྒྲིག་ཡོད་ན་བྱ་བ་འགྲུབ་པ་དང་གྲ་སྒྲིག་མེད་ན་བྱ་བའགྲུབ་མི་ཐུབ་བོ།།

博学之,审问之,慎思之,明辨之,笃行之。

ཁྱོན་ཡོངས་སུ་སློབ་ལ་ཞིབ་མོར་རྩར་གཅོད་པ་དང་། གཟབ་མོར་བསམ་གཞིག་གཏོང་བ་དང་གསལ་བོར་དབྱེ་མཚམས་འབྱེད་ནས་དོན་དངོས་སུ་བསྒྲུབ་པའོ།།


མཉམ་སྤྱོད།