དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསླབ་ཆེན་གྱི་གཞུང་ལས་ལེའུ་བཅུ་པ། མིག་ལྟོས།

2025-08-15 09:07:54   |   25

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《大学·传第十章》

民之所好好之,民之所恶恶之,此之谓民之父母。有国者不可以不慎;辟则为天下矣。道得众则得国,失众则失国。

དམངས་སྤྲོ་བ་ལ་དེའང་སྤྲོ་ལ། དམངས་མི་དགའ་བར་དེའང་མི་དགའ་འོ།། དེ་ལྟ་བུའི་དམངས་དང་དགའ་སྡུག་མཉམ་པའི་མི་ནི་དམངས་ཀྱི་ཕ་མ་རེད་དོ།། རྒྱལ་ཁབ་ཀྱི་དབང་ཆ་ལག་ཏུ་ཡོད་ན་ངེས་པར་དུ་གཟབ་དགོས་སོ།། གལ་ཏེ་རང་ལ་སྒེར་ཞེན་ཡོད་ཚེ་གནམ་འོག་གི་འབངས་ཀྱིས་དེ་འདུལ་བར་བྱེད་དོ།། 

འབངས་ཀྱིས་ངོས་ལེན་པ་དང་རྒྱབ་སྐྱོར་ཐོབ་ན་རྒྱལ་ཁབ་སྲུང་ཐུབ་ལ། འབངས་ཀྱིས་ངོས་ལེན་པ་དང་རྒྱབ་སྐྱོར་བྲལ་ན་རྒྱལ་ཁབ་ཤོར་བར་འགྱུར་སྲིད་དོ།།

未有上好仁,而下不好义者也;未有好义,其事不终者也。

གོང་མ་ནི་བྱམས་སྲིད་ལ་དགའ་ལ་འོག་མ་རྣམས་བློ་དཀར་གཞུང་དྲང་ལ་མི་དགའ་བ་ནི་མེད་དོ།། བློ་དཀར་དང་གཞུང་དྲང་ལ་དགའ་ཞིང་ལས་དོན་བསྒྲུབ་པར་བློ་དཀར་མི་བྱེད་པ་ནི་མེད་དོ།།

国不以利为利,以义为利也。

རྒྱལ་ཁབ་ཀྱིས་རྒྱུ་ནོར་གྱི་ཕན་པ་ལ་མི་གཉེར་བར་བྱམས་དྲང་གི་ཕན་པ་ལ་གཉེར་འོས་སོ། །



མཉམ་སྤྱོད།