དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསླབ་ཆེན་གྱི་གཞུང་ལས་ལེའུ་དང་པོ། འོག་སྟོང་ལྡན་པའི་ཀུན་སྤྱོད།

2025-08-14 09:07:03   |   31

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《大学·经一章》

古之欲明明德于天下者,先治其国;欲治其国者,先齐其家;欲齐其家者,先修其身;欲修其身者,先正其心;欲正其心者,先诚其意;欲诚其意者,先致其知;致知在格物。物格而后知至,知至而后意诚,意诚而后心正,心正而后身修,身修而后家齐,家齐而后国治,国治而后天下平。

གནའ་དུས་སུ་རང་ཉིད་ཀྱི་འོད་སྟོང་ལྡན་པའི་ཀུན་སྤྱོད་དེ་གནམ་འོག་ཏུ་མངོན་པར་འདོད་མཁན་གྱིས་ཐོག་མར་རང་གི་རྒྱལ་ཁབ་སྐྱོང་ངོ་།། རང་གི་རྒྱལ་ཁབ་སྐྱོང་བར་འདོད་ན་ཐོག་མར་རང་གི་ཁྱིམ་ཚང་སྐྱོང་ངོ་།། རང་གི་ཁྱིམ་ཚང་སྐྱོང་བར་འདོད་ན་ཐོག་མར་རང་གཅུན་བློ་སྦྱོང་དགོས་སོ།། རང་གཅུན་བློ་སྦྱོང་འདོད་ན་ཐོག་མར་རང་གི་སེམས་བཅོས་སོ།། རང་གི་སེམས་བཅོས་བར་འདོད་ན་ཐོག་མར་རང་གི་འདོད་བློ་ཟོལ་མེད་ཡིན་དགོས་ལ། རང་གི་འདོད་བློ་ཟོལ་མེད་ཡིན་དགོས་ན་ཐོག་མར་རང་ལ་ཤེས་བྱ་ངེས་ཅན་ཡོད་དགོས། ཤེས་བྱ་ཡོད་པ་ལ་དོན་དངོས་ཀྱི་རྩ་དོན་རྟོགས་དགོས་སོ།། དོན་དངོས་ཀྱི་རྩ་དོན་རྣམས་ཁོངས་སུ་ཆུད་རྗེས་ད་གཟོད་མཐིལ་ཕྱིན་པར་རྟོགས་པ་དང་། མཐིལ་ཕྱིན་པར་རྟོགས་རྗེས་ད་གཟོད་འདོད་བློ་ཟོལ་མེད་དུ་གྱུར་ལ། འདོད་བློ་ཟོལ་མེད་དུ་གྱུར་ན་ད་གཟོད་རང་གི་བསམ་པ་དྲང་མོར་གྱུར་བ་དང་། བསམ་པ་དྲང་ན་ད་གཟོད་ཀུན་སྤྱོད་མཐོར་འདེགས་སུ་གཏོང་ཐུབ་པ་དང་། ཀུན་སྤྱོད་མཐོར་འདེགས་སུ་གཏོང་ཐུབ་ན་ད་གཟོད་ཁྱིམ་ཚང་སྐྱོང་ཐུབ་ལ། ཁྱིམ་ཚང་སྐྱོང་ཐུབ་ན་ད་གཟོད་རྒྱལ་ཁབ་སྐྱོང་ཐུབ་ལ། རྒྱལ་ཁབ་སྐྱོང་ཐུབ་ན་ད་གཟོད་གནམ་འོག་བདེའོ།།


མཉམ་སྤྱོད།