དེ་རིང་ནི2025ལོའི་ཟླ09པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་བློ་ནུས་གང་ཡོད་འདོན་པའི་ལེའུ་སྟོད་ཆ།

2025-08-13 14:43:28   |   877

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《孟子·尽心上》

仁言不如仁声之入人深也,善政不如善教之得民也。善政,民畏之;善教,民爱之。善政得民财,善教得民心。

བྱམས་སྤྱོད་ལྡན་པའི་སྐད་ཆ་དེ་བྱམས་སྤྱོད་ལྡན་པའི་གླུ་དབྱངས་བཞིན་མི་སེམས་འགུག་མི་ཐུབ་ལ། ཆབ་སྲིད་བཟང་པོ་དེ་སློབ་གསོ་བཟང་པོ་ལྟར་མི་སེམས་ཐོབ་མི་ཐུབ་བོ།། ཆབ་སྲིད་བཟང་བོ་ལ་མི་སེར་འཇིགས་ཞིང་བཀུར་ལ། སློབ་གསོ་བཟང་པོ་ལ་མི་སེར་དགའ་ཞིང་ཡིད་སྨོན་འཆའ་འོ།། ཆབ་སྲིད་བཟང་པོས་མི་སེར་ལ་རྒྱུ་ནོར་བསྡུ་ཐུབ་ལ། སློབ་གསོ་བཟང་པོར་མི་སེར་གྱིས་རྒྱབ་སྐྱོར་ཐོབ་བོ།།

君子有三乐,而王天下不与存焉。父母俱存,兄弟无故,一乐也;仰不愧于天,俯不怍于人,二乐也;得天下英才而教育之,三乐也。

སྐྱེས་བུ་དམ་པ་ལ་སྤྲོ་བ་གསུམ་ཡོད་པའི་ནང་དུ་གནམ་འོག་གི་རྗེ་བོར་གྱུར་ཀྱང་མི་འདའོ།། ཕ་མ་འགོ་འཛོམས་དང་སྤུན་ཟླར་ཆག་།སྒོ་མེད་ན་སྤྲོ་བ་དང་པོའོ།། ཡར་གནམ་ལ་ངོ་གནོང་མི་དགོས་པ་དང་། མར་མི་ལ་ངོ་གནོང་མི་དགོས་པ་ནི་སྤྲོ་བ་གཉིས་པའོ།། གནམ་འོག་གི་ཕུལ་དུ་བྱུང་བའི་མི་འཁོར་བ་དང་དེ་ལ་སློབ་གསོ་བྱེད་པ་ནི་སྤྲོ་བ་གསུམ་པའོ།།

其进锐者,其退速。

མདུན་དུ་སྐྱོད་དྲག་པའི་མི་དེ་ཕྱིར་སྣུར་བས་ཀྱང་མགྱོགས་སོ། །


མཉམ་སྤྱོད།