དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-30 08:48:23   |   194

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཕུ་ས་མན།
ཏ་པོ་ཏེ།
གཅིག་དགུ་སོ་གསུམ་ལོའི་དབྱར།

དཀར་སེར་དམར་ལྗང་ལི་ཁྲི་དབང་པོའི་གཞུ། །
ཕྱག་ཏུ་བསྣམས་ནས་སུ་ཞིག་གར་ལ་རྩེན། །
སྲོད་ལ་ཆར་རྗེས་སླར་ཡང་ཉི་འོད་མཐོང་། །
མུ་ཕྲེང་རི་ཚོགས་དལ་གྱིས་སྔོ་ཐིང་ཐིང་། །

སྔོན་ཆད་འདི་རུ་གཡུལ་འགྱེད་དྲག་པོ་བྱས། །
སྔོན་གྱི་མདེའུ་ཤུལ་སྔར་བཞིན་གྱང་ངོར་ལུས། །
དེས་ཀྱང་ལྗོངས་འདིར་མཛེས་པ་རྒྱན་དུ་བསྩལ། །
ད་ལྟར་བལྟས་ན་རྒྱན་དུ་ཨེ་འགྱུར་གྲང་། །

སྙན་ཚིག་འདི་ཆེས་སྔ་མོར1957ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།

菩萨蛮
大柏地
一九三三年夏

赤橙黄绿青蓝紫,
谁持彩练当空舞?
雨后复斜阳,
关山阵阵苍。

当年鏖战急,
弹洞前村壁,
装点此关山,
今朝更好看。

这首词最早发表在《诗刊》一九五七年一月号。


མཉམ་སྤྱོད།