དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-29 08:56:22   |   1254

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཡུས་ཅ་ཨོ།
སྐོར་བཅོམ་ཆེན་པོ་ཐེངས་གཉིས་པའི་ཕར་རྒོལ།
གཅིག་དགུ་སོ་གཅིག་ལོའི་དབྱར།

བརྗིད་ཆགས་པེ་ཡུན་རི་བོའི་མཁའ་དབྱིངས་ན། །
སྤྲིན་པའི་བང་རིམ་ཀག་གིས་ལངས་པ་འདྲ། །
རི་འདབས་དགྲ་སྡེས་རྔ་རྡུང་ཨག་སྒྲ་སྒྲོག །
སྡོང་སྐམ་ཡལ་འདབ་རྒས་པ་རྣམས་ཀྱིས་ཀྱང་། །
རང་སྡེར་རོགས་འདེགས་བྱེད་པའི་བཟོ་ལྟ་མངོན། །
མདའ་མདུང་སྟོང་ཕྲག་དགྲ་བོའི་སྙིང་ལ་གཟས། །
མཁའ་སྤྱོན་བློ་ལྡན་དམག་དཔོན་འཐབ་ལ་མཁས། །

ཉིན་མཚན་བཅོ་ལྔའི་རིང་ལ་དགྲ་བོའི་སྡེ། །
རབ་མེད་སྔོ་སངས་ཆུ་བོ་ཀན་ཧྲོས་ནས། །
སྔོ་ལྗང་མིན་ཧྲན་རི་བོའི་རྒྱུད་བར་དུ། །
ལེ་དབར་བདུན་བརྒྱར་བདས་ནས་དགྲ་དཔུང་བཅོམ། །
ལ་ལ་དངངས་ནས་ངུ་ངག་ཆད་ལ་བྱེད། །
གོམ་རེར་སྒར་འདེབས་ཐབས་ཇུས་ནུས་མེད་བྱས། །
ད་ནི་སྨྲེ་སྔགས་བཏོན་ཡང་བྱ་ཐབས་ཅི། །

སྙན་ཚིག་འདི་ཆེས་སྔ་མོར《མི་དམངས་རྩོམ་རིག》1962ལོའི་ཟླ་ལྔ་པའི་དེབ་སྟེང་བཀོད་ཡོད།

渔家傲
反第二次大“围剿”
一九三一年夏

白云山头云欲立,
白云山下呼声急,
枯木朽株齐努力。
枪林逼,
飞将军自重霄入。
    
七百里驱十五日,
赣水苍茫闽山碧,
横扫千军如卷席。
有人泣,
为营步步嗟何及!

这首词最早发表在《人民文学》一九六二年五月号。


མཉམ་སྤྱོད།