དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-28 09:04:42   |   256

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཡུས་ཅ་ཨོ།
སྐོར་བཅོམ་ཆེན་པོ་ཐེངས་དང་པོའི་ཕར་རྒོལ།
གཅིག་དགུ་སོ་གཅིག་ལོའི་དཔྱིད།

ལྟ་བས་མི་ངོམ་ནགས་ཀྱི་ལོ་མའི་ཚལ། །
བ་མོས་གཡོགས་ཀྱང་དམར་པོའི་རང་མདངས་ངོམ། །
ལྷ་དམག་སེམས་ཀྱི་ཞེ་སྡང་ཁོང་ཁྲོའི་མེ། །
གནམ་གྱི་དགུ་ཚིགས་བརྟོལ་ནས་མཁའ་ལ་འཕྱུར། །
ལུང་ཀང་རི་ཚོགས་དགུང་ལ་ཟུག་པའི་རྩེ། །
སྨུག་པས་བཟུང་ནས་མིག་ལ་མོག་པོར་སྣང་། །
ཀི་ཀི་བསྭོ་བསྭོ་རྒྱལ་ཁའི་སྒྲ་སྒྲོག་བཞིན། །
གཡུལ་དགྲ་བཅོམ་ཞིང་ཀྲང་ཧྭོས་ཙན་ནི་བཟུང་། །

དགྲ་དམག་ཉིས་འབུམ་གྲངས་ཀྱི་དཔུང་གི་ཚོགས། །
ཅང་ཞིའི་ཕྱོགས་སུ་སླར་ཡང་འཐབ་ཏུ་ཐོན། །
རབ་ཏུ་འཁྲིགས་པའི་གཡུལ་འཐབ་ཐལ་བའི་རྡུལ། །
མཁའ་ལ་འཕྱུར་བས་གནམ་གྱི་ཕྱེད་ཀ་བསྒྲིབས། །
བཟོ་ཞིང་དམག་ལ་སྤོབས་པའི་བློ་སྟོབས་རྒྱས། །
བློ་རྩ་མཐུན་པོ་རྡོག་རྩ་གཅིག་སྒྲིལ་བྱས། །
པུ་ཀྲིག་ཧྲན་ཞེས་བྱ་བའི་རི་འདབས་སུ། །
དར་དམར་ལྷབ་ལྷུབ་བསྐྱོད་ན་མཛེས་པ་ལ། །

སྙན་ཚིག་འདི་ཆེས་སྔ་མོར《མི་དམངས་རྩོམ་རིག》1962ལོའི་ཟླ་ལྔ་པའི་དེབ་སྟེང་བཀོད་ཡོད།

渔家傲
反第一次大“围剿”
一九三一年春

万木霜天红烂漫,
天兵怒气冲霄汉。
雾满龙冈千嶂暗,
齐声唤,
前头捉了张辉瓒。

二十万军重入赣,
风烟滚滚来天半。
唤起工农千百万,
同心干,
不周山下红旗乱。(原注)


མཉམ་སྤྱོད།