དེ་རིང་ནི2025ལོའི་ཟླ05པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-09-24 08:47:30   |   1086

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཏེ་ལེན་ཧྭ།
ལི་ཧྲུའུ་དབྱི་ཡི་ལན།
གཅིག་དགུ་ང་བདུན་ལོའི་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན།


ངས་ནི་གཅེས་ཟླ་དབྱང་ཁེ་ཧྭོས་རང་ཤོར། །

ཁྱེད་ཀྱིས་ཚེ་གྲོགས་ལྱིག་ཀྲི་ཞུན་ཉིད་ཤོར། །

རྣམ་ཤེས་ཟུང་ནི་མི་མངོན་དབྱིངས་ན་བཞུགས། །

དེ་རུ་ཅི་མཆིས་ཝུ་ཀང་ལྷ་ལ་དྲིས། །

དེ་ཡིས་བདག་ལ་ཟླ་བའི་ཕོ་བྲང་གི །

མཆོད་ཆང་ཀོས་ཧྭ་སྙིམ་པས་བཏེགས་བྱུང་ལགས། །


ཁེར་སུན་ཟླ་བའི་ལྷ་མོས་དགྱེས་འཛུམ་སྟོན། །

ཕུ་ཆེན་ལྟེབ་མ་ཆགས་པའི་རྒྱ་བཤིགས་ནས། །

མཐོན་མཐིང་དབྱིངས་ནས་གར་གྱི་སྐྱེལ་མ་མཛད། །

གློ་བུར་མི་ཡི་ཡུལ་ནས་སྟག་བཏུལ་བའི། །

འཕྲིན་བཟང་བྱ་མ་རྟ་དེ་འབྱོར་བ་ན། །

དེ་མུར་ཡིད་འགུལ་མཆི་མ་ཆར་བཞིན་སྙིལ། །

སྙན་ཚིག་འདི་ཆེས་ཐོག་མར1958ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཧུའུ་ནན་དགེ་ཐོན་སློབ་གླིང་གི་གླིང་དེབ《ཧུའུ་ནན་དགེ་ཐོན་སློབ་གླིང》སྟེང་དུ་བཀོད་ཡོད།

蝶恋花

答李淑一

一九五七年五月十一日


我失骄杨君失柳,

杨柳轻飏直上重霄九。

问讯吴刚何所有,

吴刚捧出桂花酒。


寂寞嫦娥舒广袖,

万里长空且为忠魂舞。

忽报人间曾伏虎,

泪飞顿作倾盆雨。

这首词最早发表在一九五八年一月一日湖南师范学院院刊《湖南师院》。


མཉམ་སྤྱོད།