དེ་རིང་ནི2025ལོའི་ཟླ05པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-09-25 08:44:40   |   1189

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག་ཁག་གཉིས།
ནད་བདག་བརྫངས་པ།
གཅིག་དགུ་ང་བརྒྱད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན།


མཛེས་པའི་སྔོ་ལྗང་རི་ཀླུང་ཡོད་ཀྱང་མང་པོ་དེས་ཀྱང་གོ་ཅི་ཆོད། །

ཁྲག་འཇིབ་སྲིན་འབུ་ཕྲ་མོ་འདུལ་བར་ཧྭ་ཐོ་སྨན་པར་ཐབས་བཀོད་ཟད། །

གྲོང་སྡེ་མང་པོར་རྩྭ་ཡན་སྐྱེས་ཤིང་མགོ་ནག་གྲོད་པ་བཤལ་ནས་ལོག །

ཁྱིམ་ཚང་ཁྲི་ཕྲག་སྟོང་བར་ལུས་ཏེ་གདོན་འདྲེ་རྣམས་ཀྱིས་གླུ་གཞས་ལེན། །

ས་ནས་བསྡད་དེ་ཉིན་རེར་གོ་ལར་སྐོར་བ་ལེ་དབར་བརྒྱད་ཁྲིར་བརྒྱབ། །

མཁའ་རུ་འཁྱམས་ནས་དགུ་ཚིགས་རིང་མོར་ཐག་རིང་རྒྱང་ནས་བལྟས་པ་ན། །

འཆི་མེད་གླང་བུའི་རྫི་བོ་དེ་ཡིས་ནད་བདག་སྐོར་གྱི་དྲི་བ་འདོན། །

དགའ་སྐྱོ་རིང་མོའི་འདུ་བྲལ་ཡོད་ཚད་དུས་ཀྱི་ཆུ་བོས་བདས་ནས་འདས། 


དཔྱིད་རླུང་བསིལ་མོས་ལྕང་ལྕུག་ཁྲི་སྟོང་གཡོ། །

ཀྲུང་གོ་མི་དམངས་ཧྲུན་ཡོ་ལྟ་བུར་མཛངས། །

མེ་ཏོག་ལྷུང་བ་སེམས་ཀྱི་རྦ་རླབས་འདྲ། །

རི་སྔོན་བསམ་དོན་ཇི་བཞིན་ཟམ་པར་གྱུར། །

གནམ་ལ་འབྲེལ་བའི་རི་ལྔར་འཇོར་འོད་འཁྱུག །

རི་ཆུ་ལྕགས་ཀྱི་དཔུང་བས་བསྒུལ་ན་འདར། །

ནད་བདག་ཁྱོད་རང་གང་དུ་བཞུད་སོང་ངམ། །

ཤོག་གྲུ་སྲེག་ལ་མར་མེ་བསྒྲོན་ནས་བརྫངས། །

སྙན་ཚིག་འདི་ཆེས་སྔ་མོར་གཅིག་དགུ་ང་བརྒྱད་ལོའི་ཟླ་བཅུ་པའི་ཚེས་གསུམ་ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་བཀོད་ཡོད།

七律二首
送瘟神
一九五八年七月一日


绿水青山枉自多,华佗无奈小虫何!

千村薜荔人遗矢,万户萧疏鬼唱歌。

坐地日行八万里,巡天遥看一千河。

牛郎欲问瘟神事,一样悲欢逐逝波。
      

春风杨柳万千条,六亿神州尽舜尧。

红雨随心翻作浪,青山着意化为桥。

天连五岭银锄落,地动三河铁臂摇。

借问瘟君欲何往,纸船明烛照天烧。

       这两首诗最早发表在一九五八年十月三日《人民日报》。


མཉམ་སྤྱོད།