དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-17 08:44:22   |   487

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
དགུན་སྤྲིན།
གཅིག་དགུ་རེ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན།


དགུན་སྤྲིན་ཁ་བས་མནན་ཞིང་འདབ་མ་འཕུར། །

སྣ་བརྒྱའི་མེ་ཏོག་སྐད་ཅིག་ཡལ་ནས་ལྷུང་། །

དགུང་སྔོན་མཐོན་པོར་གྲང་རླུང་ལྷགས་པ་འཚུབ། །

ས་གཞི་ཆེན་པོར་དྲོད་རླངས་འཇམ་པོ་རྒྱུ། །


དཔའ་བོ་ཁོ་ནས་སྟག་གཟིག་མཐར་སྤྲོད་ཕོད། །

དོམ་དང་དྲེལ་ལ་ཕོ་རྒོད་ག་ལ་སྐྲག །

དཔྱིད་མགོའི་མེ་ཏོག་ཁ་བའི་གྲང་རེག་དགའ། །

སྦྲང་ནག་འཁྱགས་ཤི་ཐེབས་པར་ཡ་མཚན་མེད། །

སྙན་ངག་འདི་ཆེས་ཐོག་མར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1963ལོའི་ཟླ12པའི་པར་གཞི《མའོ་ཀྲུའུ་ཞིའི་སྙན་ཚིག》སྟེང་བཀོད་ཡོད།



七律
冬云
一九六二年十二月二十六日


雪压冬云白絮飞,

万花纷谢一时稀。

高天滚滚寒流急,

大地微微暖气吹。

独有英雄驱虎豹,

更无豪杰怕熊罴。

梅花欢喜漫天雪,

冻死苍蝇未足奇。

这首诗最早发表在人民文学出版社一九六三年十二月版《毛主席诗词》。


མཉམ་སྤྱོད།