དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-18 08:49:33   |   688

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

མན་ཅང་ཧྭོང་།
བློ་མཐུན་ཀོ་མོ་རོའི་སྙན་ཚིག་གི་ལན།
གཅིག་དགུ་རེ་གསུམ་ལོའི་ཟླ་དང་པོའི་ཚེས་དགུའི་ཉིན།


ས་ཡི་གོ་ལ་ཆུང་ཆུང་འདིར། །

སྣ་ཁུག་རྡེབ་པའི་སྦྲང་ནག་འགའ། །

ཝང་ཝང་ཟེར་ཞོར་ཡར་མར་འཕུར། །

སྡུག་སྐད་སྒྲོག་ཅིང་ངུ་ཤུ་རྒྱག །

ལྗོན་པར་བརྟེན་པའི་གྲོག་མས་ནི། །

ཁ་ཁེངས་མཐོན་པོས་རྒྱལ་ཁབ་ངོམ། །

རྩྭ་འབུས་སྡོང་བོ་བསྒུལ་འདོད་པ། །

ཅི་འདྲའི་དཀའ་ལ་དགོད་རེ་བྲོ། །

ཁྲང་ཨན་ཡུལ་ལ་སྟོན་རླུང་ལྡང་། །

ལྗོན་ལོ་ལྷུང་ཞིང་སྒྲ་མདའ་འཕུར། །


བྱ་བས་བསླངས་པའི་ལས་དོན་ཀུན། །

སྔར་ནས་བྲེལ་ཤ་ཆེ་ཞིང་འཚུབ། །

གནམ་ས་གཉིས་ནི་རེས་མོས་འཁོར། །

དུས་ཀྱིས་སྐུལ་བ་ལྡོག་ཏུ་མེད། །

ལོ་འཁོར་ཁྲི་ནི་འཕྱི་དྲགས་པས། །

སྐར་མའི་ཆ་ཤས་བརྩོན་ལེན་བྱེད། །

མཚོ་བཞི་འཕྱོ་ཞིང་སྤྲིན་ཆུ་ཁྲོ། །

ཐོག་རླུང་རྒོད་པས་གླིང་ལྔ་གཡོ། །

མི་ལ་གནོད་པའི་འབུ་སྲིན་རྣམས། །

ཡོངས་སུ་ཕྱགས་ལ་དགྲ་ཟླ་མེད། །

སྙན་ངག་འདི་ཆེས་ཐོག་མར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1963ལོའི་ཟླ12པའི་པར་གཞི《མའོ་ཀྲུའུ་ཞིའི་སྙན་ཚིག》སྟེང་བཀོད་ཡོད།

满江红
和郭沫若同志
一九六三年一月九日


小小寰球,

有几个苍蝇碰壁。

嗡嗡叫,

几声凄厉,

几声抽泣。

蚂蚁缘槐夸大国,

蚍蜉撼树谈何易。

正西风落叶下长安,

飞鸣镝。


多少事,

从来急;

天地转,

光阴迫。

一万年太久,

只争朝夕。

四海翻腾云水怒,

五洲震荡风雷激。

要扫除一切害人虫,

全无敌。

这首词最早发表在人民文学出版社一九六三年十二月版《毛主席诗词》。


མཉམ་སྤྱོད།