དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-21 08:37:08   |   569

སྒྱུར་མཁན། རིན་ཆེན་ཚེ་རིང་།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
བློ་མཐུན་ལོ་རུང་ཧྭེན་ལ་མྱ་ངན་ཞུ་བ།
གཅིག་དགུ་རེ་གསུམ་ལོའི་ཟླ་བཅུ་གཉིས་པར།


སྔོན་ཆད་རྩྭ་ཡི་རྩེ་ནས་འཕུར་བའི་གྲགས་པ་ལྡན། །

དམར་དམག་དཔུང་ནས་བསམ་དགོངས་མ་མཐུན་ཞལ་བརྡ་དྲན། །

རྒྱང་སྐྱོད་བྱས་པ་བཟོད་པར་དཀའ་བའི་ལོ་ཟླ་མིན། །

དམག་འཁྲུག་རྗེས་ནས་རྒྱལ་ཁབ་བདེ་བརྟན་གནད་ཀྱི་གཙོ། །

རྩྭ་བྱིའུས་ཁྱུང་ལ་ཅོ་འདྲིའི་ཟློས་གར་རྣ་ཐོས་ཡོད། །

ཁུང་བྱས་རྒོད་པོར་གད་མོ་དགོད་པ་རྒྱུན་ལྡན་མིན། །

མཆོག་ཉིད་འཇིག་རྟེན་མི་ཡི་ཡུལ་དང་ཁ་བྲལ་བས། །

རྒྱལ་དོན་འགངས་ཆེན་བཀའ་ཡི་གྲོས་མོལ་སུ་དང་མཛད། །

སྙན་ངག་འདི་ཆེས་ཐོག་མར1978ལོའི་ཟླ9པའི་ཚེས9ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་བཀོད་ཡོད།

   七律
        吊罗荣桓同志
        一九六三年十二月


记得当年草上飞,

红军队里每相违。

长征不是难堪日,

战锦方为大问题。

斥鷃每闻欺大鸟,

昆鸡长笑老鹰非。

君今不幸离人世,

国有疑难可问谁?

这首诗最早发表在一九七八年九月九日《人民日报》。


མཉམ་སྤྱོད།