དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-24 08:43:07   |   501

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཉན་ནུའུ་ཅོ།
བྱིའུའི་དྲིས་ལན།
གཅིག་དགུ་རེ་ལྔ་ལོའི་སྟོན།


ཁྱུང་ཆེན་གཤོག་བརྐྱངས་མཁའ་ལམ་དགུ་ཁྲིར་སྐྱོད། །

རླུང་ཆེན་ཁ་ལོ་སྟེང་འོག་གཤོག་འགྱུར་བྱེད། །

ཨ་སྔོན་འཁུར་ནས་ཐུར་དུ་གཟིགས་པ་ན། །

ཡོད་ཚད་མི་ཡི་ཡུལ་གྱི་མཁར་དང་གྲོང་། །

སྒྱོགས་སྒྲ་ལྡིར་ལྡིར་གང་སར་མདའ་ཤུལ་མང་། །

རྩྭ་གསེབ་ཡུལ་བྱིའུ་དངངས་སྐྲག་རབ་སྐྱེས་ཏེ། །

ཅི་ཞིག་བྱུང་སོང་ཀྱེ་ཧོ་འཕུར་རྒྱུ་ཟེར། །


ཡུལ་བྱིའུར་ཁྱོད་རང་གང་དུ་འགྲོ་དྲིས་ན། །

སྟེང་ཕྱོགས་ལྷ་ཡི་ཁང་བཟང་ཕྱོགས་ལ་ཟེར། །

སྔོན་ལོའི་སྟོན་ཟླར་གསལ་ལ་དག་པོའི་ངང་། །

ཕྱོགས་གསུམ་ཆིངས་ཡིག་བཞག་པ་མི་དྲན་ནམ། །

ཞལ་ཟས་ཞོག་ཁོག་ནོར་ཤ་ཡོད་རབས་བཤད། །

རྟུག་དྲི་གཏན་ནས་བཏང་ན་མི་ཆོག་གོ །

ལྟོས་ཤིག་གནམ་ས་བླ་འོག་འགྱུར་ནས་ཡོད། །

སྙན་ཚིག་འདི་ཆེས་སྔ་མོར1976ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།


念奴娇
鸟儿问答
一九六五年秋


鲲鹏展翅,

九万里,

翻动扶摇羊角。

背负青天朝下看,

都是人间城郭。

炮火连天,

弹痕遍地,

吓倒蓬间雀。

怎么得了,

哎呀我要飞跃。


借问君去何方,

雀儿答道.

不见前年秋月朗,

订了三家条约。

还有吃的,

土豆烧熟了,

再加牛肉。

不须放屁!

试看天地翻覆。

这首词最早发表在《诗刊》一九七六年一月号。


མཉམ་སྤྱོད།