དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-25 08:32:05   |   603

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་ལྔ་སྙན་ངག
དབྱི་ཁྲང་ཐོད་ལ་མྱ་ངན་ཞུ་བའི་ཚིག
གཅིག་དགུ་བཅོ་ལྔ་ལོའི་ཟླ་ལྔ་པར།


གཏན་གྱེས་རིང་ན་གྲོགས་པོ་ལྷག་ཏུ་དྲན། །

ལྷག་ཏུ་དྲན་ཡང་གྲོགས་གཅེས་ཕྱིར་ཡོང་མེད། །

ཆུང་གྲོགས་བདག་ནི་དྲན་པས་རབ་ཏུ་གདུང་། །

རབ་ཏུ་གདུང་བས་ཁ་ནས་དངན་པ་ཤོར། །

ཧིན་དབྱང་ཕྱོགས་ནས་འཕུར་ཡོང་ཁུག་རྟ་དྲན། །

ཤང་ཅང་གཙང་འགྲམ་དཔྱིད་ཆུས་བཞུར་སྒྲ་སྒྲོག །

རྣམ་པ་འདི་ཀོ་མཐོང་བས་གྲོགས་གཅེས་དྲན། །

ལྷོ་མཁར་ཕྱོགས་ནས་འགྲོ་འོང་བྱེད་པ་སྣང་། །

མཁར་མཐའི་ཁུགས་སོར་སྐྱེས་པའི་རྩྭ་ལྗང་གིས། །

སྐྱེལ་མ་འདྲ་བྱུང་མཁུར་ཚོས་མཆི་མས་བརླན། །

རང་ཉིད་ཁེར་མོའི་གྲིབ་མའི་གཟུགས་རིས་ལུས། །

ཉི་མ་ཧིན་ཧྲན་ནུབ་མཐའི་སྤྲིན་པར་ལྷུང་། །

ཡངས་པའི་རྒྱལ་ཁམས་འགྲིམ་པའི་རེ་སྒུག་ཡོད། །

མེ་ཏོག་ལྷུང་འགྲོར་དྲན་པའི་བློར་མ་ཤར། །

དེ་རིང་དུས་ནས་སོ་སོར་གཏན་དུ་གྱེས། །

ནམ་གྱི་གུང་ལ་བྱ་ཕོ་དངངས་ནས་གྲགས། །

བྱ་ཕོ་གྲགས་པའི་མགྲིན་སྒྲ་མཐོན་པོ་དེ། །

ཤར་རིའི་རྩེ་ལ་སྐད་གསང་ཁྱབ་པར་གྱུར། །

ཁྱེད་རང་དལ་བ་དལ་བུར་ཕེབས་བྱུང་སྟེ། །

ཕྱག་འཇུ་མ་ལྷོད་མཆི་མ་དྲོན་མོ་ལྷུང་། །

སྐྱེ་མཆོག་གང་དེའི་ཚེ་ལ་བར་ཆད་བྱུང་། །

རླུང་གི་འཚུབ་མས་འདས་པོའི་གདུང་ཡོལ་སྒུལ། །

བདག་གི་སེམས་ནི་སྐྱོ་ཞིང་སྡུག་བསྔལ་གྱུར། །

རི་བོའི་ཚོགས་ལ་བསྙེས་ཏེ་ཤུགས་གླུ་བླངས། །

རི་ཚོགས་དེ་ལ་སྔོན་མོ་བཙོད་རྩྭ་སྐྱེས། །

གྲི་རྩེད་ལ་མོས་འདུན་མ་གླེང་མོལ་བྱས། །

ཤར་གྱི་རྒྱ་མཚོར་འཇར་པན་བཙན་འཛུལ་ཡོད། །

གདོན་དགྲ་ཨུ་རུ་སུ་ནི་བྱང་རིའི་མཚམས། །

བཙན་འཛུལ་འདུལ་ན་སུ་ཡི་བུ་ལ་བརྟེན། །

སྐྱེ་རྒྱུད་དམན་ཞེས་བསྡད་ན་ག་ལ་འགྲིག །

ཀྲུང་ཙི་ཆི་ནི་སྔོན་ནས་ལུས་རྒྱ་བཤིག །

ཡུས་པོ་ཡ་ཡས་སྒྲ་སྙན་དཀྲོལ་མཚམས་བཞག །

སྒྲ་སྙན་རྒྱུད་སྐུད་ཆད་ལ་ཡིད་རབ་གདུང་། །

མེ་ཏོག་དམར་པོ་དཔྱིད་ལ་ཡང་མ་བཞད། །

མ་འོངས་རྗེས་ཀྱི་ཉིན་མཚན་རིང་མོ་ལ། །

ང་ཡིས་སུ་དང་མཉམ་དུ་མི་ཚེ་རོལ། །

གདུང་སྒམ་ལ་བལྟས་མཆོད་ཆང་རྐོང་གང་འབུལ། །

གདུང་དར་སྟེང་གི་མཚན་ཡིག་ཧྲིག་གེར་བལྟས། །

བློ་འགྱོད་ཁྲོད་ནས་མངགས་བཅོལ་ཅི་ཞིག་བྱ། །

གཙང་བོ་རྒྱུན་རིང་ཡིད་བརྟེན་དེ་ལ་བཅོལ། །

སྙན་ངག་འདི་རྩོམ་པ་པོས་1915ལོའི་ཟླ་དྲུག་པའི་ཚེས25ཉིན་ཤང་ཐན་གྱི་མཆེད་གྲོགས་ལ་བསྐུར་བའི་འཕྲིན་ཡིག་ཁྲོད་བཤུས་ཤིང་། འཕྲིན་ཡིག་དང་བཅས་ཆེས་སྔ་མོར་ཧུའུ་ནན་དཔེ་སྐྲུན་ཁང་གི1990ལོར《མའོ་ཙེ་ཏུང་གི་དུས་སྔ་མའི་ཟིན་བྲིས》སྟེང་བཀོད་ཡོད།


五古
挽易昌陶
一九一五年五月


去去思君深,思君君不来。

愁杀芳年友,悲叹有馀哀。

衡阳雁声彻,湘滨春溜回。

感物念所欢,踯躅南城隈。

城隈草萋萋,涔泪侵双题。

采采馀孤景,日落衡云西。

方期沆漾游,零落匪所思。

永诀从今始,午夜惊鸣鸡。

鸣鸡一声唱,汗漫东皋上。

冉冉望君来,握手珠眶涨。

关山蹇骥足,飞飙拂灵帐。

我怀郁如焚,放歌倚列嶂。

列嶂青且茜,愿言试长剑。

东海有岛夷,北山尽仇怨。

荡涤谁氏子,安得辞浮贱。


子期竟早亡,牙琴从此绝。

琴绝最伤情,朱华春不荣。

后来有千日,谁与共平生?

望灵荐杯酒,惨淡看铭旌。

惆怅中何寄,江天水一泓。

这首诗作者抄录在一九一五年六月二十五日致湘生的信中,随信最早发表在湖南出版社一九九〇年七月版《毛泽东早期文稿》。


མཉམ་སྤྱོད།