དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-29 09:02:13   |   197

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཡུས་མེ་རིན།
སྔས་མགོའི་སྟེང་དུ།
གཅིག་དགུ་ཉེར་གཅིག་ལོར།


སྔས་སྟེང་མགོ་བཞག་སྐྱོ་གདུང་ཅི་ཞེ་ན། །

རྦ་རླབས་མཐོན་པོ་གཏིང་འོག་བརྗེས་པ་འདྲ། །

མུན་ནག་མཚན་མོ་བརྒལ་རྒྱུ་རབ་དཀའ་བས། །

ཁང་ཕྱིར་སྟོད་གོས་ཡང་ཤམ་ཁེར་འདུག་ངང་། །

འཁྱག་འདར་རྒྱག་པའི་ནམ་མཁའི་སྐར་མ་བརྩིས། །


སྐྱ་མདའ་གཏོང་དུས་ང་ཡི་དྲན་ཤེས་བརྒྱ། །

ཐལ་བར་གྱུར་ལ་བདག་གི་འཁྲིས་སུ་ནི། །

འདུག་རོགས་ཆུང་མའི་གྲིབ་མ་ཁེར་མོ་ལུས། །

མགོ་བོ་ཡར་དགྱེ་མཁའ་ཡི་ཚེས་རིས་ནི། །

ནུབ་ལ་ལྷུང་ཞིང་ཚུལ་འདིའི་རྣམ་པ་ལ། །

མིག་ཆུ་མི་བཞུར་གནས་ལུགས་ང་ལ་མེད། །

སྙན་ངག་འདི་ཆེས་ཐོག་མར1994ལོའི་ཟླ12པའི་ཚེས26ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་བཀོད་ཡོད།


虞美人
枕上
一九二一年


堆来枕上愁何状,

江海翻波浪。

夜长天色总难明,

寂寞披衣起坐数寒星。


晓来百念皆灰尽,

剩有离人影。

一钩残月向西流,

对此不抛眼泪也无由。

这首词最早发表在一九九四年十二月二十六日《人民日报》。


མཉམ་སྤྱོད།