དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕྲུལ་ཆས་ཡིག་སྒྱུར་གྱིས་བོད་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ནུས་པ་གལ་ཆེན་འདོན་བཞིན་པ།

2024-10-28 09:37:09   |   643

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་གཞུང་ལས་ཁང་གི་ཡིག་སྒྱུར་ལས་འགན་ཤིན་ཏུ་ལྕི་ཞིང་། ལོར་ཆ་སྙོམས་ཡིག་སྒྱུར་བྱེད་ཚད་ཡིག་འབྲུ་བརྒྱད་འབུམ་ལྷག་ཟིན་གྱི་ཡོད། འོན་ཀྱང་། ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་གཞུང་ལས་ཁང་ལ་ཆེད་ལས་ཡིག་སྒྱུར་མི་སྣ་འདང་ངེས་ཤིག་མེད། དེས་ན་ཡིག་སྒྱུར་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། སྒོ་ཀུན་ནས་བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱ་བོད་ཡིག་སྒྱུར་མ་ལག་སྒྲིག་སྦྱོར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད།

图片2.png

 དེའི་ཐད། ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་གཞུང་ལས་ཁང་གིས་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློང་གླིང་དང་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད་སྤྱི་ཟླ10པའི་ཚེས22ཉིན་ནས་བཟུང་ཕྱོགས་ཡོངས་ནས་རྒྱ་བོད་ཡིག་སྒྱུར་མ་ལག་སྒྲིག་སྦྱོར་དང་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་བ་དང་འབྲེལ་ཡིག་སྒྱུར་ལས་སྒོའི་ཁྲོད་དུ་དངོས་སུ་བེད་སྤྱོད་བྱེད་མགོ་ཚུགས་པས་ཕན་འབྲས་ཀྱང་རིམ་གྱིས་ཐོན་མགོ་ཚུགས་ཡོད། 

图片3.png

  ད་ཐེངས་ཚན་པ་གཉིས་ཀྱི་བར་མཉམ་ལས་གྲོས་མཐུན་བཞག་པ་དེས་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་འབྲེལ་ཡོད་ལག་རྩལ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གྲོས་འགོར་ཞབས་འདེགས་ཞུ་བ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། སློབ་གསོ། རིག་གནས་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ཐད་ལའང་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཆབས་ཅིག ཚན་རིག་ཞིབ་འཇུག་གི་རིན་ཐང་དང་ལག་ལེན་བཀོལ་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་ཡོད་པས་བོད་སྐད་ཡིག་གི་རྩིས་རྒྱག་སྐད་བརྡ་རིག་པ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཐེབས་ངེས་རེད།

图片4.png

ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་གཞུང་ལས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས། ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་གཞུང་ལས་ཁང་གིས་ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་ལ་བརྟེན་ནས་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱིས་རང་སོའི་ལས་རིགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། འཕྲུལ་ཆས་ཡིག་སྒྱུར་ཁྱབ་གདལ་ཤུགས་ཆེན་བཏང་ནས་ལྷ་སའི་བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཆེད་འབད་འབུངས་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

图片5.png


མཉམ་སྤྱོད།