དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-28 08:52:32   |   642

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། 


1724286892128003.png

ཚེག་བདུན་སྙན་ངག
ཙུང་ཡུས་ཡེ་ལང་ཤར་དུ་སྐྱོད་པའི་སྐྱེལ་མ།
གཅིག་དགུ་བཅོ་བརྒྱད་ལོའི་ཟླ་བཞི་པར།


ཧིན་ཧྲན་རི་བོའི་ཆར་སྤྲིན་ཡལ་བའི་ཚེ། །

ལྷ་རྟ་རྨ་བྱས་ནགས་ན་གཤོག་འགྱུར་རྩེན། །

ཅ་ཡེ་ཆུས་ཡོན་ཆུང་ནས་འཇོན་ཐང་ལྡན། །

ས་འཛིན་ཆབ་ཆུའི་དགེ་མཚན་འདི་རུ་རྒྱས། །

གྲོགས་པོ་སྐྱེལ་དུས་མཐོན་པོ་གླུ་ཞིག་ལེན། །

ཁྱུང་ཆེན་གཤོག་སྣེ་ཆུ་ལ་བརྡེབས་ནས་འཕུར། །

ཏུང་ཐིན་མཚེའུ་ཤང་གཙང་གནམ་སར་བསྲིངས། །

གཟིངས་ཆེན་ཤར་གྱི་ཕྱོགས་སུ་སྐྱོད་ལ་རྩོམ། །

དོན་མེད་སྐྱོ་བའི་སྨུག་སྤྲིན་འཐིབས་པ་དེ། །

ཤར་རླུང་ལྡང་བས་རྒྱང་རིང་གནས་སུ་བརྫངས། །

ཕོ་རྒོད་ཡིད་ནས་དོན་ཆུང་བསྣོགས་པ་ལས། །

སྟོང་ཁམས་ཆེན་པོ་འབྲས་རྡོག་ལྟ་བུར་ལྟོས། །

རྒྱ་མཚོ་གང་དུ་བཞུར་བར་སེམས་ཁུར་ཅི། །

འཇིག་རྟེན་བྱ་བ་རྙོག་འཛིང་སེམས་མ་ཁྲལ། །

རང་གི་ལུས་སེམས་བདེ་ཐང་བདག་གཉེར་བྱོས། །

སེམས་སུ་ཕུགས་འདུན་ལྡན་ན་མཛེས་ཤིང་ལེགས། །

བརྒྱ་ལོ་ལྔ་འདས་སྐྱེས་ཆེན་འཁྲུངས་པར་ངེས། །

ཐོབ་ཅན་ཟེར་བ་འཇོན་མེད་ལྷག་མའི་མི། །

ཕིན་ལང་ཕོ་བྲང་མདུན་ན་བརྩེ་བ་ཟབ། །

ཁྲུང་མེང་ཏོས་མ་གཉིས་ནི་ཆུའི་ཕར་ཚུར། །

འཇར་པན་སྐྱོད་ཁྱེད་བསླབ་ལ་བརྩོན་པའི་ཞོར། །

འཕྲིན་པ་བསྐུར་རོགས་ང་ལོག་ཁྱེད་ཀྱང་ཆས། །

སྙན་ངག་འདི་ཆེས་སྔ་མོར1979ལོའི《ཏང་གི་ལོ་རྒྱུས་ཞིབ་འཇུག་རྒྱུ་ཆ》འདོན་ཐེངས་བཅུ་པའི་སྟེང་དངོས་སུ་མ་ཡིན་པར་བཀོད་ཡོད་ཅིང་། དེ་ནི་ལོ་ཀྲང་ལུང་གིས《དམངས་གཙོ་གསར་བའི་སློབ་ཚོགས(ཧུའུ་ནན་ནས་པེ་ཅིང)》ཞེས་པའི་རྩོམ་ཡིག་ཁྲོད་ནས་འདོན་སྤྲོད་བྱས།

七古
    送纵宇一郎东行
     一九一八年四月


云开衡岳积阴止,天马凤凰春树里。

年少峥嵘屈贾才,山川奇气曾钟此。

君行吾为发浩歌,鲲鹏击浪从兹始。

洞庭湘水涨连天,艨艟巨舰直东指。

无端散出一天愁,幸被东风吹万里。

丈夫何事足萦怀,要将宇宙看稊米。

沧海横流安足虑,世事纷纭从君理。

管却自家身与心,胸中日月常新美。

名世于今五百年,诸公碌碌皆余子。

平浪官前友谊多,崇明对马衣带水。

东瀛濯剑有书还,我返自崖君去矣。

这首诗最早非正式地发表在一九七九年《党史研究资料》第十期,是由罗章龙在《回忆新民学会(由湖南到北京)》一文中提供的。


མཉམ་སྤྱོད།