དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-01 08:48:45   |   705

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ལིན་ཅང་ཞན།
བློ་མཐུན་ཏིང་ལྱིང་ལགས་ལ་ཕུལ་བ།
གཅིག་དགུ་སོ་དྲུག་ལོའི་ཟླ་བཅུ་གཉིས་པར།


མཁར་སྟེང་དར་དམར་ནུབ་ཁའི་འོད་དང་བསྡོངས། །

ལྷོད་ཀྱིས་གཡུགས་པའི་ནུབ་རླུང་རྫོང་མཁར་འཁྱམས། །

བདེ་སྲུང་མཁར་གྱི་མི་སྣ་གསར་དུ་བརྗེ། །

ས་ཁུང་ནང་དུ་དགྱེས་འཛོམས་གསོལ་སྟོན་བཤམས། །

བཙོན་ནས་བུད་པའི་མི་ལ་སྣེ་ལེན་བྱེད། །

སྙུག་རྩེ་ཕྲ་མོ་སུ་དང་མཚུངས་ཤེ་ན། །

མེ་མདའ་མོའོ་སུག་འཆིང་བའི་དམག་སུམ་སྟོང་། །

དམག་དཔུང་ལུང་ཧྲན་རི་བོའི་ཤར་དུ་སྐྱོད། །

ཁ་སང་སྲས་མོར་འབོད་པའི་བུ་མོ་དེ། །

དེ་རིང་མེ་མདའ་ཐོགས་པའི་དམག་སྤྱི་ཡིན། །

སྙན་ཚིག་འདི1980ལོའི་སྐབས་ཐེངས་བདུན་པའི《ལྟ་ཞིབ་གསར་བ》ལས་བདམས།


临江仙
给丁玲同志
一九三六年十二月


壁上红旗翻落照,

西风漫卷孤城。

保安人物一时新。

洞中开宴会,

招待出牢人。

纤笔一枝谁与似?

三千毛瑟精兵。

阵图开向陇山东。

昨天文小姐,

今日武将军。

这首诗最早发表在《新观察》一九八〇年第七期。


མཉམ་སྤྱོད།