དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-04 08:52:44   |   693

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་ལྔ་རྐང་བརྒྱད་སྙན་ངག
དམག་སྤྱི་ཏཱེ་ཨན་ལན་ལགས་ལ།
གཅིག་དགུ་ཞེ་གསུམ་ལོའི་ཟླ་གསུམ་པར།


ཕྱི་ཡི་བརྙས་བཅོས་བཙན་པོ་འགོག་མཁན་དགོས། །

དམག་སྤྱི་རྒྱང་འདུལ་ལས་ལ་མཛད་པ་མཐོ། །

ཁྲི་ཤོག་ལ་ནི་འཕྲུལ་ཆས་ཅན་ཞེས་བསྔགས། །

དཔའ་ཞིང་བརྟུལ་བས་དགྲ་ངན་སྤ་བར་བཏང་། །

དམར་འཛིང་བྱས་པས་ཏུང་ཀ་བརྟན་སྲུང་བྱས། །

འཇར་པན་དགྲ་བོའི་ལག་ནས་ཐན་ཅེ་འཕྲོགས། །

མཐའ་མར་གཡུལ་སར་རིན་ཆེན་ཚེ་སྲོག་བཏང་། །

མི་འགྱོད་རྒྱ་ཆེན་སྤྱོད་པ་མངོན་འགྱུར་བྱས། །

སྙན་ངག་འདི1943ལོའི་དམག་སྤྱི་ཏཱེ་ཨན་ལན་གྱི་མྱ་ངན་ཚོགས་འདུའི་སྙན་ངག་གི་མྱ་ངན་ཞུ་བའི་ཐོ་འགོད་དེབ་གཞིར་བཟུང་ནས་དཔེ་སྐྲུན་བྱས། ཆེས་སྔ་མོར1983ལོའི་ཟླ12པའི་ཚེས28ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་དངོས་སུ་མ་ཡིན་པར་བཀོད་ཡོད་ཅིང་། སྙན་ངག་འདིའི་གཏམ་རྒྱུད་གསེད་གྲོལ་བྱེད་པའི་རྩོམ་ཡིག་ཅིག་གི་ཁྲོད་ནས་འདོན་སྤྲོད་བྱས་པ་ཡིན།


五律
挽戴安澜将军
一九四三年三月


外侮需人御,

将军赋采薇。

师称机械化,

勇夺虎罴威。

浴血东瓜守,

驱倭棠吉归。

沙场竟殒命,

壮志也无违。

这首诗根据一九四三年戴安澜将军追悼会挽联挽诗登记册刊印。最早非正式地发表在一九八三年十二月二十八日《人民政协报》,是在一篇诠释这首诗典故的文章中提供的。


མཉམ་སྤྱོད།