དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-05 08:41:27   |   713

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་ལྔ་རྐང་བརྒྱད་སྙན་ངག
ཀྲང་གོན་ལམ་དུ།
གཅིག་དགུ་ཞེ་བཞི་ལོར།


ཞོགས་པར་བར་སྣང་སྨུག་པས་ཡོངས་བཟུང་ཞིང་། །

དམག་རྟས་རླུང་ནག་ཁྲོད་ན་འཚེར་སྐད་སྒྲོག །

ས་རྡུལ་བརླན་གྱིས་བཟུང་བས་བག་ལ་ཞ། །

སྨུག་པས་གཡོགས་པའི་ནགས་ན་སྒྲ་ཀུན་འགག །

དམག་ལྭར་ཆབ་རོམ་ཆགས་པས་ལྕི་ཞིང་མཁྲེགས། །

སྨིན་མ་སད་ཀྱིས་བྱུགས་པ་དངུལ་དཀར་བཞིན། །

ཀྲང་གོན་ལམ་དུ་དལ་གྱིས་མདུན་དུ་སྐྱོད། །

ལྕགས་རིའི་བྱང་རྒྱབ་ཡུལ་དུ་བགྲོད་པ་འདྲ། །

སྙན་ངག་འདི་གཉིས་ལག་བྲིས་མ་གཞིར་བཟུང་ནས་པར་བསྐྲུན་བྱས།


五律
张冠道中
一九四七年


朝雾弥琼宇,

征马嘶北风。

露湿尘难染,

霜笼鸦不惊。

戎衣犹铁甲,

须眉等银冰。

踟蹰张冠道,

恍若塞上行。

这首诗根据抄件刊印。


མཉམ་སྤྱོད།